2012-07-05
བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་རོང་བ་མང་ཚོགས་ཀྱིས་ཞིང་ཁར་ཆོས་སྐོར་རྒྱག་བཞིན་པ།
བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་རོང་བ་མང་ཚོགས་ཀྱིས་ཞིང་ཁར་ཆོས་སྐོར་རྒྱག་བཞིན་པ།
ལུགས་གསར་གྱི་ཟླ7པའི་ཚེས3ཉིན་ནི་བོད་ལུགས་ཀྱི་ཟླ5བའི་ཚེས15ཡིན་ཞིང་། ཉིན་མོ་འདི་ནི་བོད་ལྗོངས་རོང་ཁུལ་གྱི་ལོ་གཅིག་ནང་ཐེངས་གཅིག་ལ་སྤེལ་བཞིན་པའི་ཆོས་སྐོར་དུས་ཆེན་ཡིན། ཆོས་སྐོར་དུས་ཆེན་ནི་བོད་ཀྱི་རོང་ཁུལ་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་དུས་ཆེན་གཙོ་བོ་ཞིག་ཡིན་ཞིང་། སྔོན་མའི་སྲོལ་རྒྱུན་ལྟར་ཉིན་འདིར་ཡུལ་སོ་སོའི་མང་ཚོགས་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་རྒྱབ་ཏུ་ཆོས་དཔེ་འཁུར་ནས་ཞིང་ཁ་ནས་ཆོས་སྐོར་བརྒྱབ་ཏེ་དྲག་ཆར་སོགས་རང་བྱུང་གནོད་འཚེ་མི་འབྱུང་བར་ལོ་ལེགས་འབྱུང་བའི་སྨོན་འདུན་ཞུ་བ་ཡིན།
བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་རོང་བ་མང་ཚོགས་ཀྱིས་ཞིང་ཁར་ཆོས་སྐོར་རྒྱག་བཞིན་པ།
མང་ཚོགས་ཀྱིས་ཆོས་སྐོར་བ་རྣམས་ལ་ནས་ཆང་མངར་མོ་འདྲེན་བཞིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10