ཧི་གོ་ཆཱང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།

ཚེ་དབང་རྣམ་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-06-25

ཧི་གོ་ཆཱང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།
ཧི་གོ་ཆཱང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཧི་གོ་ཆཱང་གིས་ཧྲིན་པུས་ཏི་པའོ་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། ཧི་གོ་ཆཱང་གིས་ཐོག་མར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཙུང་ཐུང་ཕུའུ་ཅིན་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་བསྒྲགས་མཛད། ཧི་གོ་ཆཱང་གིས་གསུངས་དོན། ཅུང་མ་འགོར་བའི་ཡར་སྔོན་དུ་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་ཡང་བསྐྱར་འཚམས་འདྲི་བྱས་ནས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་སོགས་ཀྲུང་གོའི་མགོ་ཁྲིད་པར་གྲོས་མོལ་ཞིབ་མོ་བྱས་ཏེ་གྲུབ་འབྲས་གལ་ཆེན་བླངས་ཡོད། ཉེ་ལམ་བསྡུས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་གཙོའི་གྲོས་ཚོགས་སྐབས་སུ། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་སྐུ་ཞབས་ཙུང་ཐུང་དང་ཡང་བསྐྱར་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ལ་དགོངས་འཆར་བརྗེ་རེས་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གནད་དོན་གལ་ཆེན་རབས་དང་རིམ་པའི་ཐད་ལ་གཅིག་མཐུན་ལྟ་བ་གལ་ཆེན་བྱུང་ནས་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་ཁ་ཕྱོགས་གསལ་བོ་བསྟན། ཐེངས་འདིར་ངས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་ནས་ཨུ་རུ་སི་ལ་འཚམས་འདྲིར་ཡོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་གྲོས་མཐུན་བྱུང་བའི་ལྟ་བ་དོན་འཁྱོལ་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་ལས་ལྷག་པར་ཇེ་བཟང་ཇེ་ཟབ་ཏུ་གཏོང་རྒྱུའི་ཆེད་ཡིན་ཟེར།ཧི་གོ་ཆཱང་གིས་གསུངས་དོན། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཧྥ་ཞི་སི་ལ་འཐབ་འཛིང་བྱེད་པའི་ཁྲོད་དཔུང་བ་མཉམ་གཤིབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ལ། སུའུ་ལེན་དམར་དམག་ཀྲུང་གོའི་བྱང་ཤར་ས་ཁུལ་དུ་ཡོང་ནས་འཇར་པན་དང་འཐབ་འཛིང་བྱས་ནས་ཀྲུང་གོས་འཇར་འགོག་དམག་འཁྲུག་ལ་མཐའ་མཇུག་གི་རྒྱལ་ཁ་ལེན་པར་བྱས་རྗེས་གལ་ཆེན་བཞག ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཁྲག་ལས་གྲུབ་པའི་མཛའ་བརྩེ་ནི་ཆེས་ཐོབ་དཀའ་བ་ཞིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པའི་དུས་མགོར། ང་ཚོས་ཆེས་དཀའ་ཁག་ཆེ་བའི་སྐབས་སུ། སུའུ་ལེན་གྱིས་གཙོ་གནད་ལས་གཞི་སྐོར་ཞིག་ཐད་རྒྱབ་སྐྱོར་བྱས་ནས་འཛུགས་སྐྲུན་བྱས་ཏེ་ང་ཚོས་གསར་བྱུང་གི་སྲིད་དབང་ཇེ་བརྟན་དང་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བར་རྒྱབ་སྐྱོར་ཆེན་པོ་གནང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་མུ་མཐུད་ནས་རྒྱུད་འཛིན་དང་གོང་དུ་སྤེལ་དགོས་ཞེས་བསྟན།ཕུའུ་ཅིན་གྱིས་བཤད་རྒྱུར། ངས་ཅུང་མ་འགོར་བའི་སྔོན་ལ་ཀྲུང་གོར་འཚམས་འདྲི་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་སླེབ་པ་མཚོན་ཡོད། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀ་གསར་དར་གྱི་དཔལ་འབྱོར་ཕུང་བོ་ཡིན་པས་གོང་སྤེལ་གྱི་སྟོབས་ཤུགས་ཆེ་ལ། རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀས་ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་ལས་ལ་ཤུགས་བསྣན་ན་རྒྱལ་ཁབ་རང་རང་གི་གོང་སྤེལ་ལ་ཤུགས་ཡོད་ཀྱིས་སྐུལ་འདེད་གཏོང་ཐུབ་ལ་འཛམ་གླིང་ཞི་བདེ་དང་གོང་སྤེལ་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་ཐུབ་ཟེར།ཧི་གོ་ཆཱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བསྡུ་བའི་གྲ་སྒྲིག་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་གསུངས་དོན། ཚོགས་ཆེན་བཅོ་བརྒྱད་པ་ནི་ང་ཚོའི་ཏང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་དང་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་དང་དཔལ་འབྱོར་འཕེལ་སྟངས་བསྒྱུར་བའི་འགག་གཏོར་གྱི་དུས་སྐབས་སུ་བསྡུ་བའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ད་ལྟ་འབྲེལ་ཡོད་གྲ་སྒྲིག་བྱ་བ་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མུ་མཐུད་ནས་འགྱུར་བ་མེད་པར་བསྐྱོད་རྒྱུ་ཡིན་ཞེས་བསྟན། ཕུའུ་ཅིན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བདེ་བླག་ངང་འཚོགས་པའི་སྨོན་འདུན་ཞུས། མཇལ་འཕྲད་གནང་སྐབས་་ཕྱོགས་གཉིས་ཀས་ད་རུང་རུལ་སུངས་ངོ་རྒོལ་བྱ་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

 

  • ལེ་ཚན་སྔོན་མ།:བོད་ལུགས་ས་གདན་འགྲེམ་ཚོགས་སྤེལ་ནས་མཚོ་སྔོན་གྱི་ས་གནས་མཚོན་རྟགས་ཤིག་བསྐྲུན་པ།
  • ལེ་ཚན་རྗེས་མ།:ཆབ་མདོ་ས་ཁུལ་གྱིས་བློ་མཐུན་ཚེ་བརྟན་སྒྲོལ་མའི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།