བོད་ལུགས་ས་གདན་འགྲེམ་ཚོགས་སྤེལ་ནས་མཚོ་སྔོན་གྱི་ས་གནས་མཚོན་རྟགས་ཤིག་བསྐྲུན་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-06-25

བོད་ལུགས་ས་གདན་འགྲེམ་ཚོགས་སྤེལ་ནས་མཚོ་སྔོན་གྱི་ས་གནས་མཚོན་རྟགས་ཤིག་བསྐྲུན་པ།
ཁྱད་དུ་འཕགས་པའི་བོད་ལུགས་ས་གདན་གྱིས་ཀུན་གྱི་མིག་དབང་འཕྲོག
 

ཟླ6པའི་ཚེས21ཉིན། རྒྱལ་ཁབ་ཚོང་ལས་པུའུ་དང་།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།བོད་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི2012ལོའི་ཀྲུང་གོ(མཚོ་སྔོན)ོབོད་ལུགས་རྒྱལ་སྤྱིའི་ས་གདན་འགྲེམ་ཚོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་རེད།
              འབྲེལ་ཡོད་མི་སྣའི་མཚམས་སྦྱོར་བྱས་པ་ལྟར་བོད་ལུགས་ས་གདན་ནི་མདོ་དབུས་མཐོ་སྒང་གི་ལོ་ངོ་སྟོང་ཕྲག་དུ་མར་རྒྱུན་འཛིན་བྱས་པའི་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་ས་གདན་ལས་རིགས་སུ་མངའ་བའི་གཙུག་ནོར་ཞིག་ཀྱང་ཡིན།མཚོ་སྔོན་གྱི་ལག་བཟོས་བོད་ལུགས་ས་གདན་གྱི་ཐོན་སྐྱེད་ནུས་ཤུགས་ནི་རྒྱལ་ཡོངས་སུ་ཨང་དང་པོར་སོན་ཡོད་ཅིང་། མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་བརྒྱད་ལ་བདེ་བླག་ངང་སྤེལ་ནས་རྒྱལ་སྤྱིའི་ས་གདན་ལས་རིགས་སུ་སྙན་པའི་གྲགས་པ་རྒྱས།               རྒྱུས་ལོན་བྱུང་བ་ལྟར་ན་ཉེ་བའི་ལོ་ནང་བོད་ལུགས་ས་གདན་འགྲེམ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སོགས་ཀྱི་བོད་ལུགས་ས་གདན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཞིང་། རོང་འབྲོག་པའི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བཅས་སུ་མཐུན་རྐྱེན་བསྐྲུན་པས་ས་གནས་འདི་གས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་པ་རེད། རྒྱལ་ཁབ་ཚོང་ལས་པུའུ་ཡིས་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ལ་རྒྱབ་སྐྱོར་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས་བོད་ལུགས་ས་གདན་འདི་ཡུལ་ཁོངས་ཀྱི་ས་གནས་མཚོན་རྟགས་རང་བཞིན་གྱི“མིང་བྱང”ཞིག་ཏུ་བསྐྲུན་པ་དང་།དེའི་མཚུངས་སུ་བོད་ལུགས་ས་གདན་གྱི་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྟེང་གི་སྙན་གྲགས་ཇེ་རྒྱས་སུ་བཏང་སྟེ་བོད་ལུགས་ས་གདན་ཐོན་ལས་འདི་མཚོ་སྔོན་དང་བོད་ལྗོངས་ཀྱི་དཔལ་འབྱོར་རིག་གནས་གོང་སྤེལ་གྱི་ཐབས་ལམ་གཙོ་བོ་ཞིག་ཏུ་གཏོང་རྒྱུ་རེད།

  • ལེ་ཚན་སྔོན་མ།:ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་ཀྱི་རིག་གནས་དུས་ཆེན་གྱི་མཛད་སྒོ་བསྡུས་པ།
  • ལེ་ཚན་རྗེས་མ།:ཧི་གོ་ཆཱང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།