བོད་ལྗོངས་རླུང་འཕྲིན། 2012-06-25
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ21ཉིན་གྱི་ཕྱི་དྲོ། བློ་མཐུན་ཚེ་བརྟན་སྒྲོལ་མའི་སྔོན་ཐོན་མཛད་རྗེས་སྙན་ཞུའི་ཚོགས་འདུ་ཆབ་མདོ་ས་ཁུལ་དུ་ཚོགས་པ་དང་ཆབ་མདོ་ས་ཁུལ་གྱི་ལས་ཁུངས་ཁག་གི་ལས་བྱེད་ལས་བཟོ་པ་དང་། བཅའ་སྡོད་དཔུང་སྡེ། སློབ་གྲྭ་འབྲིང་ཆུང་གི་སློབ་མ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ཁྱོན་མི730ལྷག་ཙམ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད། ཆབ་མདོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་རིན་ཆེན་གཡང་འཛོམས་ཀྱིས་ཆབ་མདོ་ས་ཁུལ་གྱིས་བློ་མཐུན་ཚེ་བརྟན་སྒྲོལ་མ་མིག་དཔེར་འཛིན་ནས། བློ་བརྟན་འགྱུར་མེད་གཅིག་དང་ལྷག་བསམ་ཟོལ་མེད་གསུམ། དགའ་ཞེན་གསུམ། གསར་གཏོད་གསུམ་བཅས་གོ་སྐབས་སུ་བརྩིས་ཏེ་ས་ཁུལ་དེ་ཡོངས་ཀྱི་ཏང་གཤིས་ལ་སྣང་ཆེན་དང་ཀུན་སྤྱོད་ལ་བརྩི་མཐོང་། གདོང་ལེན་བྱེད་པ། མིག་དཔེ་འདོན་པ། སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། སྔོན་ཐོན་དང་བསྡུར་བ། སྔོན་ཐོན་གྱི་རྗེས་སྙེགས་པ་བཅས་ཀྱི་ལས་ཀའི་ཚ་རླབས་ཤིག་འཕྱུར་བ་བྱས་པ་རེད།
བློ་མཐུན་ཚེ་བརྟན་སྒྲོལ་མ་ནི་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གྱི་ལས་བྱེད་པ་ཞིག་ཡིན་པ་དང་། ན་ནིང་སྤྱི་ཟླ10པར་ཁོང་གིས་ལྗོངས་ཏང་ཨུད་ཀྱི་སྔོན་ཐོན་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་འབོད་སྐུལ་དང་ལེན་ཞུས་ཏེ། རང་འགུལ་ངང་མཛོ་སྒང་རྫོང་སྤུན་མདའ་གྲོང་ཚོར་ལས་དོན་སྤེལ་བར་འགྲོ་རྒྱུའི་རེ་བ་བཏོན་པ་དང་། གཞི་རིམ་དུ་ཕྱག་ལས་ཡུན་རིང་གནང་ནས་ངལ་དུབ་ཀྱིས་རྐྱེན་པས་ཀླད་ཁྲག་ཤོར་ནས་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ38ལ་སོན་ཙམ་ཡིན་པ་རེད། ཁོང་གིས་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ཏང་དང་མི་དམངས་ཀྱི་བྱ་གཞག་དོན་དུ་ལེགས་སྐྱེས་ཕུལ་བ་རེད།།
ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཐོན་མཛད་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཐོག་མ་དེ་སྤྱི་ཚེས19ཉིན་མཛོ་སྒང་རྫོང་དུ་འཚོགས་པ་དང་ཕྱིས་སུ་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་ཁོང་གི་མཛད་རྗེས་སྐོར་གཡེང་སྙན་ཞུ་བྱ་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10