ཚེ་རིང་རྡོ་རྗེ་ལ་རྒྱལ་ཡོངས་གྲོང་སྡེའི་ཚན་རྩལ་ཁྱབ་གདལ་སྣེ་ཁྲིད་པའི་བྱ་དགའ་ཐོབ།
རྡོ་རྗེ་སེམས་དཔའ། མཚོ་སྔོན་པོ་དྲ་བ། 2012-06-21
ཉེ་ཆར།ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་རྒྱལ་ཁབ་ནོར་སྲིད་ཅུས་གཉིས་ཀྱིས་མཉམ་དུ་བཀྲམ་པའི༼2012ལོའི་ཚན་རྩལ་ཁྱབ་གདལ་དམངས་ཕན་གྲོང་རྒྱས་ཀྱི་སྔོན་ཐོན་ལས་ཁུངས་དང་སྣེ་ཁྲིད་པར་དགའ་རྟགས་འདོགས་པའི་འབྲེལ་ཡོད་ཆོད་དོན༽གྱི་ཁྲོད་དུ། ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་སྟག་མགོ་སྡེ་བའི་ཚེ་རིང་རྡོ་རྗེ་ལ2012ལོའི་རྒྱལ་ཡོངས“ཚན་རྩལ་ཁྱབ་གདལ་དམངས་ཕན་གྲོང་རྒྱས་ཀྱི་འཆར་གཞིའི”གྲོང་སྡེའི་ཚན་རྩལ་ཁྱབ་གདལ་བའི་མཚན་སྙན་བྱ་དགའ་ཐོབ་ཅིང༌། དགའ་རྟགས་ལ་མ་དངུལ་སྒོར་ཁྲི5ཡོད་པ་རེད།
“ཚན་རྩལ་ཁྱབ་གདལ་དམངས་ཕན་གྲོང་རྒྱས་ཀྱི་འཆར་གཞི”ནི་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་ནོར་སྲིད་ཅུས་མཉམ་འབྲེལ་བྱས་པའི་རྣམ་གྲངས་ཤིག་ཡིན་ལ།ཀྲུང་དབྱང་ནོར་སྲིད་ཀྱིས་ཐད་ཀར་མ་དངུལ་སྦྱིན་གཏོང་བྱེད་པ་དང༌།ལོ་རེ་རེ་བཞིན་ཁྱད་འཕགས་ཀྱི་མཛད་རྗེས་ཡོད་ཅིང་དཔེ་སྟོན་གྱི་ནུས་པ་ལྡན་ལ་ཡོངས་ཁྱབ་སྣེ་ཁྲིད་བྱེད་ཐུབ་པའི་གྲོང་སྡེའི་གཞི་རིམ་རྩ་འཛུགས་སྡེ་ཁག་དང་མི་སྒེར་ལ་བྱ་དགའ་སྟེར་བ་དང་གསབ་དངུལ་གཏོང་བ་ཟུང་འབྲེལ་བྱེད་པའི་མ་དངུལ་རོགས་སྐྱོར་གྱི་རྣམ་པ་ཞིག་ཡིན་པ་རེད།