རྡོ་རྗེ་སེམས་དཔའ། མཚོ་སྔོན་པོ་དྲ་བ། 2012-06-21
ཕྱི་རྒྱལ་གྱི་རྒྱ་ཡིག་འཕྲིན་སྦྱོར་སྡེ་ཁག་གིས་ཧུང་ཡོན་དུ་བཅར་འདྲི་བྱས་པ།
ཟླ6ཚེས19ཉིན། འཛམ་བུ་གླིང་གི་གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཆ20ཡི་མིང་གྲགས་ཆེ་བའི་ཕྱི་རྒྱལ་གྱི་རྒྱ་ཡིག་འཕྲིན་སྦྱོར་སྡེ་ཁག40ཡི་གསར་འགོད་ལས་བྱེད་མི་སྣ60ལྷག་གིས་གྲུབ་པའི“ཤེས་ཡོན་ཀྲུང་གོ ཕྱི་རྒྱལ་གྱི་མིང་གྲགས་ཆེ་བའི་རྒྱ་ཡིག་འཕྲིན་སྦྱོར་གྱིས་སི་ཁྲོན་བོད་ཁུལ་ལ་རྒྱུས་ལོན་བྱེད་པ”ཞེས་པའི་བཅར་འདྲི་ཚོགས་པ་ཧུང་ཡོན་རྫོང་གི་གསེར་དེའུ་ཡུལ་ཚོ་དང༌། སྦྲ་ཆེན་ཡུལ་ཚོ། ཨ་མཆོག་ཡུལ་ཚོ། ཁྱུང་མཆུ་གྲོང་བརྡལ་སོགས་སུ་ཕེབས་ནས་འབྲོག་དམངས་གཞིས་ཆགས་ཀྱི་འཚོ་བ་གསར་བ་དང༌། ཚིགས་ཝའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས། རྒན་གསོ་བྱམས་བརྩེའི་གཉོར་སྐྱོང་བཅས་ཏང་དང་རྒྱལ་ཁབ་ཀྱི་བླ་མེད་བཀའ་དྲིན་དང་བྱམས་བརྩེའི་གཟིགས་སྐྱོང་ལ་བརྟེན་པའི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་དང་བཅར་འདྲི་བྱས།
བཅར་འདྲི་ཚོགས་པས་ཧུང་ཡོན་རྫོང་རྒན་གསོ་བྱམས་བརྩེའི་གཉོར་སྐྱོང་གླིང་ལ་དམངས་སྒོར2000ལེགས་སྐྱེས་ཕུལ་བ་དང་ཆབས་ཅིག་ལོ་ལོན་རྒན་པ་རྣམས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཞིང་ནད་མེད་ཚེ་རིང་ཡོང་བར་སྨོན་འདུན་ཞུས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10