ལྷ་སྟག་མཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-06-21
ཅ་ཆིན་ལིན་གྱིས་ནགས་ལས་ཆེད་དོན་འགྲེམ་སྟོན་ལ་གཟིགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས18ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་སྤེལ་བཞིན་པའི་མེས་རྒྱལ་གྱི་ནོར་འཛིན་ལ་ལྗང་མདོག་གྱི་གོས་ལྭ་བཀླུབས་པ་དང་ཚན་རིག་གི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་འགན་སྲུང་འདོད་སྤྲོད་བྱེད་ཅེས་པའི་ནགས་ལས་ཆེད་དོན་འགྲེམ་སྟོན་ལ་གཟིགས།
འགྲེམ་སྟོན་དེ་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པ་རེད། འགྲེམ་སྟོན་ལས་གཙོ་བོ་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། ཀྲུང་དབྱང་གི་ནགས་ལས་འཛུགས་སྐྲུན་སྐོར་གྱི་འཐུབ་ཇུས་བཀོད་སྒྲིག་དང་བྱེད་ཐབས་རླབས་ཆེན་གསལ་བོར་མཚོན་ཡོད་པ་དང་། ནགས་ལས་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་གསོན་ཉམས་ལྡན་པར་མཚོན་ཡོད་ལ། ཀྲུང་གོའི་ནགས་ལས་གནས་ཚུལ་དང་ནགས་ལས་ཤེས་བྱ་ངོ་སྤྲོད་ཞིབ་མོ་བྱས་པར་མ་ཟད། ཀྲུང་གོའི་ནགས་ལས་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་གནས་པའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་འགྲེལ་ཞིབ་མོ་བརྒྱབ་ཡོད།
ཅ་ཆིན་ལིན་གྱིས་འགྲེམ་སྟོན་ལ་ནན་གྱིས་གཟིགས་པ་དང་ནན་ཏན་སྒོས་འགྲེལ་བཤད་བྱས་པར་གསན། ཁོང་གིས་འགྲེམ་སྟོན་ལ་གཟིགས་ཞོར་དུ་ནགས་ལས་བྱ་བ་དང་ནགས་ལས་ལས་རིགས་ཀྱི་གནས་ཚུལ་དྲིས་ཏེ། ཉེ་བའི་ལོ་འགའི་རིང་ལ་ནགས་ལས་བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁག་ཐེག་བྱས།
ཝང་ཀང་དང་ལིག་ཡན་ཏུང་སོགས་འགྲེམ་སྟོན་ལ་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10