བོད་ལྗོངས་ཀྱི་སྐད་དབྱངས་བརྙན་འཕྲིན་འགྲན་སྡུར་སྐབས་དང་པོའི་བྱ་དགའ་གནང་བ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-06-21

བོད་ལྗོངས་ཀྱི་སྐད་དབྱངས་བརྙན་འཕྲིན་འགྲན་སྡུར་སྐབས་དང་པོའི་བྱ་དགའ་གནང་བ།
མི་རིགས་གླུ་གཞས་རིགས་ཀྱི་ཨང་དང་པོ་ཐོབ་མཁན་ཚེ་རིང་གཡང་འཛོམས།
 

ཟླ6པའི་ཚེས18ཉིན། བོད་ལྗོངས་སྐད་དབྱངས་བརྙན་འཕྲིན་འགྲན་སྡུར་སྐབས་དང་པོའི་བྱ་དགའ་གནང་བའི་དགོང་ཚོགས་ལྷ་ས་གྲོང་ཁྱེར་དུ་བསྡུས་པ་རེད། བོད་ལྗོངས་གླུ་གར་ཁང་གི་འགྲན་ཞུགས་པ་ཚེ་རིང་གཡང་འཛོམས་དང་། འཇམ་དབྱངས་ཚེ་རིང་། གངས་སྲས་ཚན་སྡེབ་བཅས་སོ་སོར་མི་རིགས་ལུགས་དང་། འཇམ་ལེན་ལུགས། ཚན་སྡེབ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
 

བོད་ལྗོངས་ཀྱི་སྐད་དབྱངས་བརྙན་འཕྲིན་འགྲན་སྡུར་སྐབས་དང་པོའི་བྱ་དགའ་གནང་བ།
ལུས་ལ་གཟབ་འཆོར་གྱིས་སྤྲས་པའི་འགྲན་ཞུགས་པ།བོད་ལྗོངས་ཀྱི་སྐད་དབྱངས་བརྙན་འཕྲིན་འགྲན་སྡུར་སྐབས་དང་པོའི་བྱ་དགའ་གནང་བ།


བྱ་དགའ་ཐོབ་མཁན་རྣམས་མཉམ་དུ་པར་བསྐྱོན་པ།
 

ཧྲང་ཧེ་རོལ་དབྱངས་སློབ་གླིང་ནས་མཐར་ཕྱིན་པའི་འགྲན་ཞུགས་པ་ཚེ་རིང་གཡང་འཛོམས་ལགས་ཀྱི་གླུ་གཞས《གངས་ལྗོངས། ང་ཡི་ཕ་ཡུལ།》ཞེས་པར་ཆེད་ལས་ཚོ་ཆུང་མི་རིགས་གླུ་གཞས་ཀྱི་ཨང་དང་པོ་ཐོབ་པ་དང་། བོད་ལྗོངས་གླུ་གར་ཁང་གི་འགྲན་ཞུགས་པ་འཇམ་དབྱངས་ཚེ་རིང་ལ་ཆེད་ལས་ཚོ་ཆུང་འཇམ་ལེན་ལུགས་ཀྱི་ཨང་དང་པོ་ཐོབ་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་སྐབས་འདིའི་འགྲན་སྡུར་ནི་ཟླ5བའི་ཚེས28ཉིན་ནས་འགོ་བརྩམས་ཤིང་། འགྲན་ཞུགས་པ150དང་འགྲན་ཞུགས་བརྩམས་ཆོས200ལྷག་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཚེ་རིང་རྡོ་རྗེ་ལ་རྒྱལ་ཡོངས་གྲོང་སྡེའི་ཚན་རྩལ་ཁྱབ་གདལ་སྣེ་ཁྲིད་པའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སློབ་ཆེན་གྱིས་སྒྱུ་རྩལ་ལག་ལེན་བྱེད་སྒོའི་གཟའ་འཁོར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།