བོད་ལྗོངས་མངའ་རིས་སུ་རྒྱ་གར་གྱི་གནས་མཇལ་བ་འབྱོར་བ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-06-20

བོད་རང་སྐྱོང་ལྗོངས་སྤུ་ཧྲེང་འགག་སྒོའི་བྱང་ལར་སྤྱི་ལོ2012ལོའི་ཐེངས་གཉིས་པའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་51འབྱོར་ཡོད་པ་རེད། ལོ་རེའི་ཟླ6ནས9བའི་བར་རྒྱ་གར་གནས་མཇལ་བ་མང་པོ་ཞིག་སྤུ་ཧྲེང་དང་འགྲམ་སོགས་ཀྱི་འགག་སྒོ་བརྒྱུད་བོད་ལྗོངས་མངའ་རིས་སུ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་ལ་གནས་མཇལ་དུ་ཡོང་གི་ཡོད་པ་རེད། སྤྱི་ལོ1982ལོར་ཀྲུང་གོ་སྲིད་གཞུང་གིས་རྒྱ་གར་གནས་མཇལ་བ་གནས་མཚོ་དང་གནས་རི་སོགས་ལ་གནས་མཇལ་དུ་ཡོང་ཆོག་པ་བཟོས་པས་བོད་ལྗོངས་མངའ་རིས་སུ་རྒྱ་གར་གྱི་གནས་མཇལ་བ་ལོ་རེར་ཇེ་མང་དུ་འགྲོ་ཞིང་། ཉེ་ལམ་ལོ་རེར་མི་ཆིག་ཁྲི་ཡན་ལ་སླེབས་ཀྱི་ཡོད་པ་རེད།  
  • ལེ་ཚན་སྔོན་མ།:“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་བོད་ལྗོངས་ཀྱིས་བྱིས་པ་དྭ་ཕྲུག་ཡོངས་རྫོགས་གཅིག་བསྡུས་སྒོས་གསོ་སྐྱོང་བྱ
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཡིས་འཇར་མན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།