“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་བོད་ལྗོངས་ཀྱིས་བྱིས་པ་དྭ་ཕྲུག་ཡོངས་རྫོགས་གཅིག་བསྡུས་སྒོས་གསོ་སྐྱོང་བྱེད་རྒྱུ་རེད།

ཚེ་རིང་རྒྱ་མཚོས་བསྒྱུར        2012-06-20

“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་བོད་ལྗོངས་ཀྱིས་བྱིས་པ་དྭ་ཕྲུག་ཡོངས་རྫོགས་གཅིག་བསྡུས་སྒོས་གསོ་སྐྱོང་བྱ
ཉེ་ལམ།  གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་བོད་ལྗོངས་ཀྱིས་གསར་འཛུགས་དང་གནས་སྤོར་བྱས་པའི་ས་གནས་རིམ་པའི་བྱིས་པའི་ཕན་བདེ་གླིང7དང་།  གསར་དུ་བཙུགས་པའི་རྫོང་རིམ་པའི་བྱིས་པའི་ཕན་བདེ་གླིང52བཅས་གནས་གཅིག་ཏུ་སྤར་ནས་བོད་ལྗོངས་ཡོངས་ཀྱི་བྱིས་པ་དྭ་ཕྲུག་རྣམས་གཅིག་བསྡུས་སྒོས་གསོ་སྐྱོང་བྱེད་རྒྱུ་རེད།

བོད་ལྗོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན།  མིག་སྔའི་བར་དུ།  བོད་ལྗོངས་སུ་བསྡོམས་པས་བྱིས་པ་དྭ་ཕྲུག5085དང་།  རྒྱལ་ཁབ་ཕན་བདེ་སྡེ་ཁག་གིས་གཅིག་བསྡུས་སྒོས་གསོ་སྐྱོང་བྱེད་པའི་བྱིས་པ་དྭ་ཕྲུག1115དང་། ཁ་ཐོར་དུ་གསོ་སྐྱོང་བྱེད་པའི་བྱིས་པ་དྭ་ཕྲུག3970བཅས་ཡོད་པས་ བྱིས་པ་དྭ་ཕྲུག་སྤྱིའི་གྲངས་ཀྱི78%ཟིན། 

ཉེ་བའི་ལོ་འགའི་རིང་།  བོད་ལྗོངས་ཀྱིས་ཕན་བདེ་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་།  ཁ་གསབ་རོགས་སྐྱོར་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་བ་དང་།  གསོ་སྐྱོང་བྱེད་པའི་འགྲོ་སོང་འཕར་སྣོན་བྱེད་པ་སོགས་ཕན་འབྲས་ལྡན་པའི་སྒོ་ནས་བྱིས་པ་དྭ་ཕྲུག་རྣམས་ཀྱི་འཚོ་བར་འགན་སྲུང་བྱས།  སྔར་ལས་ལྷག་པར་བྱིས་པ་དྭ་ཕྲུག་རྣམས་ཀྱི་གསོ་སྐྱོང་དང་སློབ་གསོ།  སྨན་བཅོས།  ལུས་ཁམས་བདེ་ཐང་སོགས་གནད་དོན་ལེགས་པོ་བསྒྲུབས་པ་བཅས་ཕྱོགས་ཡོངས་ནས་བྱིས་པ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་རྣམས་ཀྱི་འཚོ་བའི་རྒྱུ་སྤུས་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་ཆེད།  ད་ལོ་ནས་བཟུང་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་།  ཁེ་ལས་ལས་ཁུངས།  སྤྱི་ཚོགས་ཚོགས་པ།  བོད་ལྗོངས་དུ་སྡོད་པའི་བཅིངས་འགྲོལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་རུ་ཁག་བཅས་ཀྱི་འགོ་ཁྲིད་དག་ལ་སྐུལ་འདེད་བྱས་ཏེ“བྱིས་པ་དྭ་ཕྲུག་ཅན་ལ་རོགས་སྐྱོར་བྱེད་པའི”བྱ་འགུལ་སྤེལ་བཞིན་ཡོད།  ། 


 

  • ལེ་ཚན་སྔོན་མ།:ཧི་གོ་ཆཱང་གིས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:བོད་ལྗོངས་མངའ་རིས་སུ་རྒྱ་གར་གྱི་གནས་མཇལ་བ་འབྱོར་བ།
  • དོ་སྣང་ཆེ་བའི་རྩོམ།