ཚེ་རིང་སྒྲོལ་མ། མཚོ་སྔོན་པོ་བོད་ཡིག་དྲ་བ། 2012-06-20
དགུང་ལོ་དོན་ཉིས་ལ་སོན་པའི་སྨན་ཐང་བྲིས་རྒྱུན་གྱི་ཐང་གའི་རྒྱུན་འཛིན་པ་བསྟན་པ་རབ་བརྟན་ལགས་ཀྱིས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་བསྡུས་པའི་ཐང་གའི་རྒྱུད་འཛིན་པའི་གླེང་སྟེགས་སྐབས་དང་པོའི་སྟེང་བཤད་རྒྱུར། ལྷ་རིས་པ་རྣམས་ཀྱིས་དེང་དུས་ཚོང་ར་ཅན་དུ་བསྒྱུར་བའི་འཕེལ་རིམ་ཁྲོད་སྲོལ་རྒྱུན་འཛིན་སྤེལ་སྒོས་བཟོ་རྩལ་དང་ཚོན་རྩིའི་ཐད་རང་སོར་འཇོག་དགོས་ཟེར།
ཐང་གའི་སྒྱུ་རྩལ་ལ་བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། ལོ་རྒྱུས་འཕེལ་རིམ་ཁྲོད་སྨན་ཐང་བྲིས་རྒྱུན་དང་། ཀརྨ་སྒར་བྲིས། རེབ་གོང་བྲིས་རྒྱུན་བཅས་ལུགས་གསུམ་དུ་གྲུབ། ཐང་ག་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མཆོད་བྱའི་རྟེན་འགངས་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་རིག་དངོས་བང་མཛོད་ཁྲོད་ཀྱི་གཙུག་ནོར་ལྟ་བུ་ཞིག་ཡིན་ལ། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐང་གའི་ཚོང་རའི་མདུན་ལྗོངས་ཀྱང་ཇེ་ཡངས་སུ་གྱུར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཐང་ག་དང་བོད་ཤོག་བཟོ་རྩལ་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རིགས་བཅོ་ལྔ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་འདེམ་ཐེངས་དང་པོ་དང་གཉིས་པའི་ཁྲོད་བདམས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10