མཚོ་སྔོན་གསར་འགྱུར་དྲ་བ། 2012-06-20
2012ལོའི་ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཟླ6པའི་ཚེས21ཉིན་གཟབ་རྒྱས་ངང་མགོ་རྩོམ་རྒྱུ་རེད། ཕ་ཁི་སི་ཐན་དང་རྒྱ་གར་གྱི་ཚོང་བ་མཚོ་སྔོན་དུ་ཐོན་ཡོད།
ཟླ6པའི་ཚེས18ཉིན། འཛམ་གླིང་ལག་བཟོས་ས་གདན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁུའུ་ཁི་ཡིས་བཤད་རྒྱུར། མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་ཀྲུང་གོ་རུ་མིང་དུ་གྲགས་ཡོད་པ་མ་ཟད། ཕྱི་རྒྱལ་དུ་ཡང་གྲགས་ཡོད་པའི་འགྲེམ་སྟོན་ཞིག་ཡིན་ཟེར། ཕ་ཁི་སི་ཐན་གྱི་ཚོང་བ་གྲགས་ཅན་བརྒྱ་ལྷག་གིས་འགྲེམ་སྟོན་ལ་ཞུགས་པའི་མིང་ཐོ་བཀོད་ཅིང་། དེའི་ནང་དུ་ཚོང་བ་སོ་ལྔ་བདམས་ནས་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་སུ་བཅུག གཞན་ད་དུང་། རྒྱ་གར་གྱི་ཚོང་བ་ཞེ་གཉིས་ཐོན་ཡོད་པ་དང་། དབྱི་ལང་གི་ཚོང་བ་ང་གཉིས་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་རྒྱུ་རེད། ད་དུང་གླིང་ཆེན་ཨ་ཧྥེ་རི་ཁ་ལྷོ་མ་དང་། ཨ་མེ་རི་ཁ་སོགས་ས་ཁུལ་གྱི་ཚོང་བ་ཉིས་བརྒྱ་ལྷག་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10