ཧུའུ་ཅིན་ཐའོ་ཡིས་ཏེན་མག་གི་དབུ་བློན་ལ་མཇལ་འཕྲད་གནང་བ།

རིན་ཆེན་བཀྲ་ཤིས།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-06-18

ཧུའུ་ཅིན་ཐའོ་ཡིས་ཏེན་མག་གི་དབུ་བློན་ལ་མཇལ་འཕྲད་གནང་བ།
ཧུའུ་ཅིན་ཐའོ་ཡོས་ཏེན་མག་གི་དབུ་བློན་ལ་མཇལ་འཕྲད་གནང་།
 

ས་དེའི་དུས་ཚོད་ཀྱི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཀི་པིན་ཧ་ཀིན་ནས་ཏེན་མག་གི་དབུ་བློན་ཐའོ་ཉིན་ཧྲི་མིས་ཐུ་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཏེན་མག་བར་གྱི་འབྲེལ་བ་ དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ ཐུན་མོང་གིས་ཐུགས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གནད་དོན་གལ་ཆེན་ཐད་གཏིང་ཟབ་སྒོས་དགོངས་འཆར་བརྗེ་རེས་མཛད་ནས་གཅིག་མཐུན་གྱི་ལྟ་ཚུལ་གལ་ཆེན་བྱུང་།

ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་ཏེན་མག་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཡོད་པ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད་ལ། འབྱོར་ཚོང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། རིག་གནས་དང་ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་ཉིན་བཞིན་དམ་ཟབ་འགྲོ་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་བོའི་རྩ་འཛུགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་རྒྱུན་འཁྱོངས་བྱས། ཀྲུང་གོ་དང་ཏེན་མག་གི་འབྲེལ་བའི་འཕེལ་རྒྱས་བཟང་བོ་ཡིན་པའི་བརྒྱུད་རིམ་ལས་གལ་ཏེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་དང་། ཕན་ཚུན་རྒྱུས་ལོན། ཕན་ཚུན་རྒྱབ་སྐྱོར་བྱེད་པ། དོན་དམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་ཐུགས་འཁུར་བྱེད་ས་གཙོ་བོར་ལྟ་སྐྱོང་བྱེད་བཞིན། ཕྱོགས་སོ་སོའི་བདམས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོད་ལམ་ལ་བརྩི་བཀུར་བྱས་ན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཡུན་རིང་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་ཐུབ་པ་གསལ་བཤད་བྱས་ཡོད་ཅེས་གསུངས།

  • ལེ་ཚན་སྔོན་མ།:《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཞེས་པའི་དཔེ་དེབ་ངོ་སྤྲོད།
  • ལེ་ཚན་རྗེས་མ།:བོད་ལྗོངས་སོགས་ཞིང་ཆེན་ལྔ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཆམ་མཐུན་དགོན་པ་འཛུགས་གཉེར་བྱེད་པའི་བྱ
  • དོ་སྣང་ཆེ་བའི་རྩོམ།