བོད་ལྗོངས་ཀྱིས་གཟུགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ།

ལྕགས་བྷོ།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-18

བོད་ལྗོངས་ཀྱིས་གཟུགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ།
བོད་ལྗོངས་ཀྱིས་གཟུགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ།
 

 ཟླ6པའི་ཚེས13ཉིན།  བོད་ལྗོངས་ལྷོ་ཁ་ས་ཁུལ་ནས་ཐོན་པའི་བཀྲ་ཤིས་རྒྱ་མཚོ་དང་།  ཆབ་མདོ་ས་ཁུལ་ནས་ཐོན་པའི་བསྟན་འཛིན་ཕུན་ཚོགས་སོགས་བོད་ལྗོངས་ཐང་གའི་རི་མོའི་གཟུགས་འདུས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་དག་གིས་སྐབས་དང་པོའི་བོད་ལྗོངས་གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་གྲུབ་འབྲས་འགྲེམ་སྟོན་སྟེང་ཐང་གའི་རི་མོའི་སྒྱུ་རྩལ་ཐད་བསམ་འཆར་བརྗེ་རེས་བྱེད་བཞིན་པ། 
         བོད་ལྗོངས་སུ་ཞི་བའི་བཅིངས་འགྲོལ་ཐོབ་པ་ནས་བཟུང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  བོད་རང་སྐྱོང་ལྗོངས་ཏང་ཨུ། སྲིད་གཞུང་གིས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྲིད་ཇུས་ཕྱོགས་སུ་རྒྱབ་སྐྱོར་བྱས་པའི་དུས་མཚུངས་སུ།  མ་དངུལ་དང་ལས་གཞི་མང་པོ་གནང་ནས་ནུས་ཤུགས་ཡོད་ཚད་སྒོས་བོད་ལྗོངས་གཟུགས་འདུས་རིག་རྫས་སྲུང་སྐྱོང་བྱ་བར་སྐུལ་འདེད་བྱས།  བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་འབྲེལ་ཡོད་འགན་ཁུར་པས་བཤད་པ་ལྟར་ན།  མིག་སྔར་ལྗོངས་ཡོངས་སུ་དམངས་ཁྲོད་རིག་གནས་དང་།  སྲོལ་རྒྱུན་རོལ་མོ་དང་ཞབས་བྲོ།  གཏམ་བརྗོད་ཟློས་གར། སྲོལ་རྒྱུན་ཟློས་གར་དང་རི་མོ།  ལག་ཤེས་སྒྱུ་རྩལ།  སྲོལ་རྒྱུན་གསོ་རིག་དང་ལུས་རྩལ་རྣམ་གྲངས།  དམངས་སྲོལ་སོགས་གཟུགས་འདུས་ཤུལ་བཞག་རིག་རྫས་སྣ་ཁ་བཅུ་འདུས།  ཉེ་བའི་ལོ་འགའི་རིང་གི་རིག་རྫས་ཞིབ་བཤེར་བྱས་པ་བརྒྱུད།  གཟུགས་འདུས་ཤུལ་བཞག་རིག་རྫས་ལས་གཞི་བསྡོམས་པས་བརྒྱད་བརྒྱ་ལྷག་གསར་རྙེད་བྱུང་།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན།  2005ལོར་བོད་ལྗོངས་ཀྱིས་གཟུགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱ་བ་སྤེལ་འགོ་བརྩམས་ནས་བཟུང་།  གྲུབ་འབྲས་མངོན་གསལ་ཐོབ།  ནང་སྒོས་སུ་ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཟུགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བཅའ་ཁྲིམས》གཏན་འབེབས་བྱས་པར་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་བྱས་པར་མ་ཟད།  གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་ཁྲོད་ཞུགས་པའི་འདུ་ཤེས་མཐོར་འདེགས་བྱུང་། རིམ་པ་སོ་སོའི་སྲིད་གཞུང་གིས་ལས་འགན་ལག་བསྟར་བྱས་པ་དང་།  སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་བ་བརྒྱུད།  ན་ནིང་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་གཟུགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱ་བའི་ཐད་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་།

  • ལེ་ཚན་སྔོན་མ།:ལྷ་གྲུ་དགུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕེན་གཏོང་ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཞེས་པའི་དཔེ་དེབ་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།