བོད་ལྗོངས་གསར་འགྱུར་དྲ་བ། 2012-06-15
གསོ་སྦྱོང་གི་ཕན་འབྲས་འགན་སྲུང་བྱ་ཕྱིར་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་ཞིབ་མཐིལ་རྟོགས་གཏིང་ཟབ་བྱས་ཏེ་དགོས་མཁོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་ཅིང་།གྲོང་ཚོ་དང་ཡུལ་མིའི་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་བརྒྱུད་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གཞི་རྩའི་གནས་ཚུལ་དང་།ལོ་ན་18ནས་50བར་གྱི་རོང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་གི་དགོས་མཁོ།དེ་བཞིན་ཞིང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་གི་དགོས་མཁོ་བཅས་ཕྱོགས་གསུམ་ལ་བརྟག་དཔྱད་བསྡོམས་རྩིས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་རོང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཚུལ་དང་གསོ་སྦྱོང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཡོད།བརྟག་དཔྱད་བསྡོམས་རྩིས་བྱས་པར་གཞིགས་ན།མིག་སྔར་ལྷ་ས་གྲོང་ཁྱེར་དུ་ལས་རིགས་རྩལ་ནུས་ལག་རྩལ་མེད་པའི་ལོ་ན་18ནས་50བར་གྱི་རོང་འབྲོག་པ་སྔར་བཞིན་ཁྲི་9.75ཡོད་པ་དེས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བསྡོམས་འབོར་གྱི་66.2%བཟུང་ལ་ལྷ་ས་གྲོང་ཁྱེར་གྱིས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་།གྲོང་ཚོ་གསར་པ་སྐྲུན་པ།གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུར་མིག་ཅིག་ཏུ་གྱུར་ཡོད།
དམངས་འཚོ་ལས་གྲོང་ཁྱེར་བརྟན་ལྷིང་ཡོང་བའི་ཐབས་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་འཇུར་མིག་གི་གནད་དོན་སེལ་ཆེད་ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས《ཞིང་འབྲོག་པའི་རྩལ་ནུས་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་ཏེ་ཞིང་འབྲོག་པའི་ངལ་རྩོལ་རྩལ་ནུས་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་མཛུབ་ཁྲིད་བསམ་བློ་དང་།དམིགས་ཚད་ལས་འགན།ཞིབ་ཕྲའི་བྱ་ཐབས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་དང་འཚམས་པའི་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་གསོ་སྦྱོང་།ཞིང་འབྲོག་པའི་ལས་གཏོད་གསོ་སྦྱོང་བཅས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཁ་གསལ་བཟོས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10