ལི་པི་ཡཱ་ནས་དྲག་ཆས་འཁྲུག་རྩོད་བྱུང་སྟེ་མི100ལྷག་ལ་ཤི་རྨས་བྱུང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-06-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡཱའི་རྒྱལ་ས་ཏི་ལེ་པོ་ལིའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ180མཚམས་སུ་ཡོད་པའི་ཧྲི་ཅི་ཅཱ་དང་མུས་ཚི་ཏཱ་སོགས་མཁར་གྲོང་ནས་ཚེས13ཉིན་གཞི་རྒྱ་ཆེ་བའི་དྲག་ཆས་འཁྲུག་རྩོད་བྱུང་སྟེ། མི100ལྷག་ལ་ཤི་རྨས་ཐེབས།

ལི་པི་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མན་ནེ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་ལས་བསྡོམས་པས་མི14རྐྱེན་ལམ་དུ་ཤོར་བ་དང་། མི89ལ་རྨས་ཕོག་ཡོད་ཟེར།

མུས་ཚི་ཏཱ་གྲོང་བརྡལ་གྱི་ཀུང་ཁྲུའུ་ཨར་ཚོ་ཁག་གི་མའོ་ཧཱ་མའོ་ཏི་ཡིས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། འཁྲུག་རྩོད་དེའི་འབྱུང་རྐྱེན་ནི་ཧྲི་ཅི་ཅཱ་མཁར་གྲོང་ཉེ་འདབས་སུ་ཡོད་པའི་ཁཱ་ཀྲ་ཧྥེ་སྲིད་དབང་ལ་རྒྱབ་སྐྱོར་བྱེད་པའི་མཱ་ཧྲ་ཧྲི་ཡཱ་ཚོ་ཁག་གི་དྲག་ཆས་མི་སྣས་ཚེས13ཉིན་ཅིན་ཐན་ས་ཁུལ་ནས་ཡོང་བའི་དྲག་ཆས་རླངས་འཁོར་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་ཅིན་ཐན་ས་ཁུལ་ནས་ཡོང་བའི་དྲག་ཆས་མི་སྣ་མང་བོ་ཞིག་ཧྲི་ཅི་ཅཱ་མཁར་གྲོང་དུ་འཁོན་ལན་སློག་པར་ཡོང་ཡིན་ལ། མཁར་གྲོང་དེ་སྲུང་བའི་ས་དེའི་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། མི་མང་བོར་ཤི་རྨས་བཟོས་པ་རེད་ཟེར།  ། 

  • ལེ་ཚན་སྔོན་མ།:མཚོ་བོད་མཐོ་སྒང་ལ་ཚན་རྩལ་གྱི་མེ་འཁོར་གཏོང་ཡོང་བ།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱིས་ལོ་གསུམ་ནང་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི9.75གསོ་སྦྱོང་བྱ་རྒྱུའི་བརྩོན་ལེན་བྱེད
  • དོ་སྣང་ཆེ་བའི་རྩོམ།