མཚོ་བོད་མཐོ་སྒང་ལ་ཚན་རྩལ་གྱི་མེ་འཁོར་གཏོང་ཡོང་བ།

        2012-06-14

  ཉེ་ཆར། ཚན་རྩལ་གྱི་མེ་འཁོར་མཚོ་སྔོན་དུ་གཏོང་བ་ཞེས་པའི་བྱེད་སྒོ་ནང་ཞུགས་པའི་ཚན་རྩལ་དང་སྨན་བཅོས་ཀྱི་མཁས་ཅན་མི་སྣ་བརྒྱ་ཙམ་གྱིས་མེ་འཁོར་ཐེངས་མT27ལ་བསྡད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིན་གྲོང་ཁྱེར་དུ་སླེབས་ཡོད།  དུས་ཡུན་གཟའ་འཁོར་གཅིག་རིང་གི་བྱེད་སྒོ་སྤེལ་རིང་མཁས་ཅན་མི་སྣའི་ཞབས་འདེགས་ཞུ་བའི་རུ་ཁག་གིས་ཡུལ་འདི་གའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་ཆེ་བའི་ལུས་པོ་བདེ་ཐང་ཡོང་བ་དང་།  ཐོན་སྐྱེད་ཀྱི་ཡོང་འབབ་འཕར་སྣོན་གཏོང་བ།  གསར་སྐྲུན་ལས་སྐྲུན་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་དང་།  ཁེ་ལས་ལག་རྩལ་ཐད་ཀྱི་གནས་ཚུལ་འདྲི་བ།  སྨན་བཅོས་དང་ལུས་ཁམས་བདེ་སྲུང་ཐད་འོས་འགན་སྨན་བཅོས་བྱེད་པ།  ཚན་རྩལ་གྱི་ཆེད་མངག་པ་གསོ་སྐྱོང་སྦྱོང་བརྡར་བྱེད་པ་སོགས་ཚན་རྩལ་དང་འཕྲོད་བསྟེན་ཞབས་འདེགས་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་སྟེ་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཚན་རྩལ་གྲུབ་འབྲས་དེ་སྡེ་ཁུལ་དང་།  ཤང་།  གྲོང་ཚོ།  ཞིང་ཁ་མུ་ཁ།  བཟོ་གྲྭ་སོགས་ལ་བསྐྱལ་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  ཚན་རྩལ་གྱི་མེ་འཁོར་གཏོང་བ་ཞེས་པའི་བྱེད་སྒོ་དེ་འབྲེལ་མཐུད་དེ་ལོ8སྤེལ་རྒྱུ་ཡིན་པ་རེད།  ད་ལོ་ནི་ཐེངས་དང་པོར་མཚོ་བོད་མཐོ་སྒང་དུ་གཏོང་ཡོང་བ།     
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་སྒོ་ཀུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཧྲེང་རྒན་འཁོགས་ལ་རྒྱལ་ཁབ་ཀྱིས་བསྙེན་བཀུར་བྱ་རྒ
  • ལེ་ཚན་རྗེས་མ།:ལི་པི་ཡཱ་ནས་དྲག་ཆས་འཁྲུག་རྩོད་བྱུང་སྟེ་མི100ལྷག་ལ་ཤི་རྨས་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།