ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ། 2012-06-14
མཚམས་སྦྱོར་བྱས་པ་ལྟར་ན། རྣམ་གྲངས་འདི་དག་དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་རོལ་མོ་སོགས་གཟིགས་འདུས་ཤུལ་བཞག་རིག་རྫས་སྣ་ཁ10དང་། གཟིགས་འདུས་ཤུལ་བཞག་རིག་རྫས་ལས་འདུས་པའི་ཐོན་ཁུངས་ཡོངས་རྫོགས་འདུས། དེའི་ནང་དམངས་ཁྲོད་རྩོམ་རིག་རྣམ་གྲངས20དང་། སྲོལ་རྒྱུན་རོལ་མོ་རྣམ་གྲངས29། སྲོལ་རྒྱུན་ཞབས་བྲོ213། སྲོལ་རྒྱུན་ཟློས་གར་རྣམ་གྲངས29། སྲོལ་རྒྱུན་རི་མོའི་རྣམ་གྲངས15། སྲོལ་རྒྱུན་སྨན་བཅོས་རྣམ་གྲངས67། སྲོལ་རྒྱུན་ལག་རྩལ་རྣམ་གྲངས134། སྲོལ་རྒྱུན་ལུས་རྩལ་རྣམ་གྲངས58། དམངས་སྲོལ་རྣམ་གྲངས197སོགས་ཡིན།
2010ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཆེད་སྐྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་གཟིགས་འདུས་ཤུལ་བཞག་རིག་རྫས་གཙོ་གནད་རྣམ་གྲངས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་འགོ་བརྩམས་པ་དང་། བོད་ཀྱི་ཟློར་གར་ཆེན་མོ་བརྒྱད་སོགས་འདུས་པའི་གཟིགས་འདུས་ཤུལ་བཞག་རིག་རྫས་རྣམ་གྲངས་སྐོར་ཞིག་ལ་བསྡོམས་པས་སྒོར་ཁྲི432བཏང་ཞིང་། ཟློས་གར་སློབ་སྦྱོང་བྱེད་སའི་ར་བ་དང་སྒྲིག་ཆས་ཐད་ལེགས་བཅོས་ཐོབ་པ་དང་ན་གཞོན་རྒྱུན་འཛིན་མཁན་སྐོར་ཞིག་གསོ་སྐྱོང་བྱས། 2011ལོར་བོད་ལྗོངས་ཀྱིས་མུ་མཐུད་དུ་གཙོ་གནད་རྣམ་གྲངས་སྲུང་སྐྱོང་བྱ་བ་ལག་བསྟར་བྱས་པ་དང་། གཙོ་གནད་རྣམ་གྲངས་སྐོར་ཞིག་ཕན་འབྲས་ཡོད་པའི་སྒོ་ནས་སྲུང་སྐྱོང་ཐོབ། ན་ནིང་བོད་ལྗོངས་རིམ་པ་སོ་སོའི་ནོར་སྲིད་ཀྱིས་གཟིགས་འདུས་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱ་བར་མ་དངུལ་སྒོར་བྱེ་བ1ལྷག་བཏང་ཞིང་། སྲུང་སྐྱོང་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་ལ་སྙན་ཞུ་ཞུས་པ་བརྒྱུད། མིག་སྔར། བོད་ལྗོངས་སུ་མིའི་རིགས་ཀྱི་གཟིགས་འདུས་ཤུལ་བཞག་རིག་རྫས་འཐུས་ཚབ་བརྩམས་ཆོས2དང་། རྒྱལ་ཁབ་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་རྫས་འཐུས་ཚབ་བརྩམས་ཆོས76། བོད་རང་སྐྱོང་ལྗོངས་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་རྫས་འཐུས་ཚབ་བརྩམས་ཆོས222བཅས་འདུས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10