བོད་ཀྱི་སྐབས་དང་པོའི་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-06-14

བོད་ཀྱི་སྐབས་དང་པོའི་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོ།
བོད་ཀྱི་སྐབས་དང་པོའི་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོ།
 

ཉེ་ལམ། བོད་ཀྱི་སྐབས་དང་པོའི་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོ་དེ་ལྷ་སར་མཛད་སྒོ་བསྡུས་ཤིང་། ཟླ6པའི་ཚེས11ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིན་དང་། བོད་རང་སྐྱོང་ལྗོངས་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི་བོད་ཀྱི་སྐབས་དང་པོའི་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོའི་བདམས་ཐོན་མི་སྣའི་གླུ་སྐད་ཚོད་ལྟ་དུས་རིམ་དེ་བོད་ལྗོངས་གླུ་གར་ཚོགས་པའི་ཟློས་གར་ཁང་དུ་དངོས་སུ་སྤེལ།
         རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་འགྲན་བསྡུར་སྟེང་ས་གནས་གླུ་གཞས་ཀྱི་གསར་རྩོམ་སྔོག་འདོན་དར་སྤེལ་གཏོང་བ་དང་། ནུས་ཡོད་སྒོས་བོད་ལྗོངས་གསར་རྩོམ་ཤེས་ལྡན་གླུ་བ་དང་མགྲིན་ལེན་པ་གསར་བ་གསོ་སྐྱོང་བྱས་ཏེ་ཕུལ་བྱུང་མགྲིན་དབྱངས་བརྩམས་ཆོས་དང་གླུ་བ་གསར་འདོན་བྱེད་དགོས་ཚུལ་བསྟན།
         ཐེངས་འདིའི་འགྲན་བསྡུར་ལ་ཐོག་མའི་འགྲན་བསྡུར་དང་། བསྐྱར་འགྲན། རྟིང་རྩོད་འགྲན་བསྡུར་བཅས་རིམ་པ་གསུམ་དུ་དབྱེ་ཞིང་། ཛ་དྲག་གི་འགྲན་བསྡུར་དང་དཔྱད་འདེམས་བྱས་པར་བརྒྱུད། ཟླ5བའི་ཚེས30བར་ཐོག་མའི་འགྲན་བསྡུར་གྱི་དུས་རིམ་ཡོངས་སུ་མཇུག་སྒྲིལ་ཏེ་བསྐྱར་འགྲན་གྱི་མི་སྣ85ལེགས་འདེམས་བྱུང་།  དེ་ལས་ཆེད་ལས་རུ་ཁག་ཏུ་མི39དང་། ཆེད་ལས་མིན་པའི་རུ་ཁག་ཏུ་མི38། གཉུག་གནས་རུ་ཁག་ཏུ་མི8བཅས་ཡིན།

  • ལེ་ཚན་སྔོན་མ།:བོད་ལྗོངསCITESཁྲིམས་བསྟར་མཐུན་སྦྱོར་ཚོགས་ཆུང་བཙུགས་ཏེ་རི་དྭགས་སྲོག་ཆགས་སྐྱེ་དངོས་སྲུང་སྐྱོབ་བྱེད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་གཟིགས་འདུས་ཤུལ་བཞག་རིག་དངོས་རྣམ་གྲངས800ལྷག་གསར་རྙེད་བྱུང་།
  • དོ་སྣང་ཆེ་བའི་རྩོམ།