ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-06-14
བོད་ལྗོངསCITESཁྲིམས་བསྟར་མཐུན་སྦྱོར་ཚོགས་ཆུང་བཙུགས་པ།
ཉེ་ལམ། 《ཉེན་གནས་རི་དྭགས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》(CITES)ཞེས་པ་འདི་བོད་རང་སྐྱོང་ལྗོངས་སུ་ཁྲིམས་བསྟར་ལེགས་པོ་བྱེད་པ་དང་། ཉེན་གནས་རི་དྭགས་སྲོག་ཆགས་དང་སྐྱེ་དངོས་རིགས་སྒེར་འཚོང་བྱེད་པར་སྔོན་འགོག་དང་རྡུང་རྡེག་གཏོང་བར་ཤུགས་སྣོན་དང་མཐུན་སྦྱོར་ཡོང་བར། རྒྱལ་ཁབ་ནག་ལས་ཅུའུ་དང་། ཞིང་ལས་སྡེ་ཁག སྤྱི་བདེ་སྡེ་ཁག འགག་སྒོའི་སྤྱི་ཁྱབ་ལས་ཁུངས། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རེ་ཞུ་བྱས་པ་ལྟར། བོད་རང་སྐྱོང་ལྗོངསCITESཁྲིམས་བསྟར་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་མ་ཟད་སྐབས་དང་པོའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་རེད།
བོད་རང་སྐྱོང་ལྗོངསCITESཁྲིམས་བསྟར་མཐུན་སྦྱོར་ཚོགས་ཆུང་ནི་ཁྲིན་ཏུའུ་ན་སྡོད་པའི་རྒྱལ་ཁབ་ནག་ལས་ཅུའུ་ཡི་ཆེད་སྒྲུབ་གཞུང་ལས་ཁང་དང་། རང་སྐྱོང་ལྗོངས་ནག་ལས་ཅུའུ། སྤྱི་བདེ་ཐིན། ལྷ་སའི་འགོག་སྒོ་དང་ལྗོངས་བཟོ་ཚོང་ཅུའུ་སོགས་ལས་ཁུངས་ཀྱིས་གྲུབ་ཅིང་། ཚོགས་གཙོ་ནི་ཁྲིན་ཏུའུ་ན་སྡོད་པའི་རྒྱལ་ཁབ་ནག་ལས་ཅུའུ་ཡི་ཆེད་སྒྲུབ་གཞུང་ལས་ཁང་གིས་འགན་ཁུར་བ་དང་། ཚོགས་ཆུང་གི་ཁུངས་མི་ནི་གྲུབ་མཁན་ལས་ཁུངས་རེ་རེས་ལས་བགོས་སྣེ་ཁྲིད་བྱེད་དགོས།
ཚོགས་ཆུང་གི་གཞུང་ལས་ཁང་ནི་རྒྱལ་ཁབ་ཉེན་གནས་རི་དྭགས་སྲོག་ཆགས་དང་སྐྱེ་དངོས་རིགས་ཕྱིར་གཏོང་ནང་འདྲེན་དོ་དམ་གཞུང་ལས་ཁང་གི་ལྷ་སའི་དོན་གཅོད་ཁང་དུ་བཙུགས་ཤིང་། ཚོགས་ཆུང་འདིའི་འགན་འཁྲི་གཙོ་བོ་ནིCITESཁྲིམས་བསྟར་ཆ་འཕྲིན་འབྲེལ་འདྲེིས་བྱེད་པ་དང་། གལ་ཆེའི་ཁྲིམས་བསྟར་འགུལ་བསྐྱོད་འཆར་འགོད་ཞིབ་འཇུག་དང་གཏན་འཁེལ་བྱེད་པ། མཐུན་སྦྱོར་སྒོས་གྱོད་དོན་གནས་ཚུལ་འཚོལ་བསྡུ་དང་དབྱེ་ཞིབ་བྱེད་པ། སྡེ་ཁག་མང་པོ་དང་མཐུན་སྦྲེལ་མཉམ་འབྲེལ་སྒོས་འགུལ་བསྐྱོད་ལ་རྡུང་རྡེག་གཏོང་བ། དེ་མིན་ཁྲིམས་བསྟར་གསལ་འབྱེད་དང་། རིན་ཐང་གསལ་འབྱེད། མྱུར་སྐྱོབ་དང་ཕྱིར་སྤྲོད་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10