གྲངས་ཉུང་མི་རིགས་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2012-06-19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།“ལང་ཚོ་ངོམ་པའི”གྲངས་ཉུང་མི་རིགས་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཚེས15ཉིན་པེ་ཅིང་དུ་འཚོགས་ཤིང་།བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་རྩོམ་པ་པོ་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་སློབ་ཚོགས་དང《མི་རིགས་རྩོམ་རིག》དུས་དེབ་ཁང་གིས་གཉེར་རོགས་བྱས་པ་ཞིག་རེད། ཀྲུང་གོ་རྩོམ་པ་པོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་གིས་ཀྲུང་གོ་རྩོམ་པ་པོ་མཁས་ཅན་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ན་གཞོན་རྩོམ་པ་པོ་རྣམས་དང་དཔྱད་གཏམ་མཁན་རྣམ་པར་དགའ་བསུ་ཞུས་པ་དང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ན་གཞོན་རྩོམ་པ་པོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ནས་ན་གཞོན་རྩོམ་པ་པོ་རྣམས་ལ་མི་རིགས་ཀྱི་ཆེད་དུ་རྩོམ་རྒྱག་པ་དང་། དུས་རབས་ཀྱི་ཆེད་དུ་ལོ་རྒྱུས་འབྲི་བ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཆེད་དུ་ལེགས་སྐྱེས་འབུལ་བ་བཅས་བྱས་ཐོག་དེ་བས་གཡུར་ཟའི་འབྲས་བུའི་ཐོག་ནས་འབྱུང་འགྱུར་ཀྲུང་གོའི་རྩོམ་རིག་དེ་བས་དར་རྒྱས་ཡོང་བ་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད།
ཐེ་ཉིང་གིས་དེ་རིང་བགྲོ་གླེང་བྱ་རྒྱུ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ན་གཞོན་རྩོམ་པ་པོ་བཅུ་པོ་དེ་དག་ནས་ཐག་རིང་ཤིན་ཅང་ནས་ཡོང་བ་དང་ལ་ལ་ཡངས་པའི་ནང་སོག་རྩྭ་ཐང་ནས་ཡོང་བ་ཡོད་པ་མ་ཟད། ད་དུང་ལ་ལ་མཛེས་སྡུག་ལྡན་པའི་རང་རྒྱལ་གྱི་ལྷོ་རྒྱུད་ནས་ཡོང་བ་ལ་སོགས་ཡིན་ཞིང་། ཁོང་ཚོའི་ཤེས་ཚོར་སྐྱེན་པ་དང་རང་གཤིས་མངོན་གསལ་དོད་ལ་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོད་པས་རང་སོ་སོའི་གསར་གཏོད་ཀྱི་ཁྱབ་ཁོངས་ནང་མི་རྣམས་ཀྱིས་རེ་སྒུག་བྱེད་པའི་འཇོན་ཐང་དང་སྟོབས་ཤུགས་འདོན་གྱི་ཡོད། ན་གཞོན་རྩོམ་པ་པོ་དེ་དག་གིས་མི་རིགས་དེ་གའི་ཕུལ་བྱུང་གི་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཁོང་ཚོའི་གསར་རྩོམ་ལ་བགྲོ་གླེང་ནན་པོ་བྱས་པ་དེས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྩོམ་རིག་གི་བསམ་བློ་དང་སྒྱུ་རྩལ་གྱི་བར་མཐོངས་ལ་ངོས་འཛིན་དང་རྒྱ་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
    ཐེ་ཉིང་གིས་ན་གཞོན་རྩོམ་པ་པོ་འཚར་ལོངས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བའི་ལོ་བརྒྱའི་ཇུས་ཆེན་ཞིག་ཡིན་པ་དང་། ན་གཞོན་ཤེས་ལྡན་པ་དེ་བས་མང་བ་འཚར་ལོངས་ལ་ཕན་པའི་རྩོམ་རིག་གི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དེ་ཀྲུང་གོ་རྩོམ་པ་པོ་མཁས་ཅན་མཐུན་ཚོགས་ཀྱི་ལས་དོན་གལ་ཆེན་ཞིག་རེད། དུས་རབས་གསར་པ་ཤར་ཚུན་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཀྲུང་གོ་རྩོམ་པ་པོ་མཁས་ཅན་མཐུན་ཚོགས་ཀྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ན་གཞོན་རྩོམ་པོ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལུའུ་ཞུན་སྒྱུ་རྩལ་རྩོམ་རིག་ཁང་དུ་ན་གཞོན་དང་དར་མའི་རྩོམ་པ་པོའི་མཐོ་རིམ་ཞིབ་འཇུག་འཛིན་གྲྭ་དང་རྣམ་པ་སྣ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཞན་དག་བཙུགས་ཏེ་ན་གཞོན་རྩོམ་པ་པོ་བསྡུ་ལེན་ཤུགས་ཆེན་བྱས་པ་དང་གཙོ་གནད་བརྩམས་ཆོས་ལ་རོགས་སྐྱོར་བྱེད་པའི་འདུ་འགོད་ཁྲོད་ན་གཞོན་རྩོམ་པ་པོར་ཕྱོགས་པ་སོགས་བྱས་ཡོད།《མི་རིགས་རྩོམ་རིག》ཚུད་པའི་རྒྱལ་ཡོངས་ཀྱི་རྩོམ་རིག་དུས་དེབ་ཁག་གིས་ལོ་མང་རིང་རྩོམ་རིག་ཐད་ཀྱི་མི་སྣ་གསར་པ་ཤེས་རྟོགས་བྱེད་པའི་ཐད་ཤུགས་ཆེན་པོ་བརྒྱབ་པ་དེ་ན་གཞོན་རྩོམ་པ་པོ་འཚར་ལོངས་ཡོང་བའི་གོ་སྐབས་གལ་ཆེན་ཞིག་རེད། དུས་མཚུངས་དྲ་སྦྲེལ་འཕེལ་རྒྱས་འགྲོ་བ་དང་སྦྲགས་ན་གཞོན་ཇེ་མང་ཞིག་གིས་རྩོམ་རིག་ལ་དགའ་པོ་བྱ་རྒྱུ་དེ་རྩོམ་འབྲི་དང་གསར་གཏོད་བྱ་རྒྱུར་གྱུར་པ་དེ་ང་ཚོར་དགའ་འོས་པའི་ངང་ནས་མཐོང་བྱུང་། ཀུང་ཙེ་ཀྲེན་གྱིས་དེ་སྔ་འདུན་པས་ཁེངས་བཞིན་དུ“འཇིག་རྟེན་བྱེད་པོས་སྙིང་སྟོབས་ཆེར་བསྐྱེད་ཀྱིས། ཤེས་ལྡན་མི་སྣ་ཅི་རིགས་གཏོང་བར་སྐུལ”ཞེས་བྲིས་པ་ལྟར་ད་ཆ་ན་གཞོན་རྩོམ་རིག་ཤེས་ལྡན་པ་འབོར་ཆེན་ཞིག་ཐོན་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་ལ་རེ་བས་ཕྱུག་པའི་དུས་རབས་ཤིག་འཆར་ཡོད་ཅེས་གསུངས་པ་རེད། །
  • ལེ་ཚན་སྔོན་མ།:བོད་ལྗོངས་སོགས་ཞིང་ཆེན་ལྔ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཆམ་མཐུན་དགོན་པ་འཛུགས་གཉེར་བྱེད་པའི་བྱ
  • ལེ་ཚན་རྗེས་མ།:ལིས་ཁྲང་ཁྲོན་གྱིས་ཧི་ནན་དུ་བྱ་བར་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།