ཡུན་ནན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        2012-06-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ས་གཞི་དམར་པོའི་འབོད་སྒྲ་ཉན། ཡུན་ནན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བགྲོ་གླེང་ཚོགས་འདུ”ཚེས10ཉིན་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་སུ་འཚོགས་ཤིང་། བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་། ཀྲུང་གོ་ཡུན་ནན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུའུ། ཡུན་ནན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་ཡོད། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐིའེ་ཉིང་གིས་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་ཞུས་ནས་ཐག་རིང་ནས་ཕེབས་པའི་ཡུན་ནན་གྱི་གྲོགས་པོ་ཚོར་བསུ་བ་ཞུས་པ་དང་དུས་ཡུན་རིང་པོའི་ནང་ཡུན་ནན་དང་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་རྩོམ་པ་པོ་དང་།དཔྱད་གཏམ་མཁས་ཅན།ཡིག་སྒྱུར་མཁས་ཅན།རྩོམ་རིག་སྒྲིག་འཛུགས་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ངང་གུས་འདུད་ཞུས་པ་རེད།

ད་རེས་ཀྱི་ཚོགས་འདུ་ནི་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དར་རྒྱས་གཏོང་ཆེད་འཚོགས་པའི་བགྲོ་གླེང་ཚོགས་འདུ་རབ་དང་རིམ་པའི་ས་ཚིགས་ཨང་གཉིས་པ་དེ་ཡིན་ཞིང་།ཚོགས་འདུའི་ཐོག་དབྱིས་རིགས་ཀྱི་རྩོམ་པ་པོ་ཕུའུ་ཧྥེ་དང་།ཧ་ཉི་རིགས་ཀྱི་རྩོམ་པ་པོ་ཚུན་ཝུན་ཞོལ།ཕུའུ་སྨི་རིགས་ཀྱི་སྙན་ངག་པ་ལུའུ་ནུའོ་ཏི་ཅི།དབའ་རིགས་ཀྱི་སྙན་ངག་པ་ཉེ་ལེ།ཏེ་ཨང་རིགས་ཀྱི་བུད་མེད་སྙན་ངག་པ་ཨའེ་ལི་མུའུ་ནུའོ།འཇང་རིགས་ཀྱི་བུད་མེད་རྩོམ་པ་པོ་ཧོ་ཞའོ་མའེ།ལི་སུའུ་རིགས་ཀྱི་རྩོམ་པ་པོ་ལི་ཀུའེ་མིང།པའེ་རིགས་ཀྱི་རྩོམ་པ་པོ་ཀྲང་ནའེ་ཀོང་སོགས་རྩོམ་པ་པོ་བརྒྱད་ཀྱི་བརྩམས་ཆོས་གཞི་རྩར་བྱས་ཏེ་ཚེག་གིས་ངོས་སྣེ་ཁྲིད་བྱེད་པའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཡུན་ནན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་མངོན་པ་བྱས་པ་རེད། །

  • ལེ་ཚན་སྔོན་མ།:བོད་ཡིག་གཏག་ཐབས་མ་ལག་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་སྟེང་འགྲེམ་སྟོན་བྱས།
  • ལེ་ཚན་རྗེས་མ།:ཤིན་ཅང་གི་དངོས་མིན་རིག་གནས་ཤུལ་བཞག་དམངས་ཁྲོད་དུ་རྒྱུད་འཛིན་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།