ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་གསར་གཏོད་བྱས་པའི་བོད་རྒྱ་དབྱིན་གསུམ་གྱི་ལག་འཁྱེར་ཁ་པར་མ་ལག་དང་གློག་རྡུལ་ཚིག་མཛོད། བོད་ཡིག་གི་རྩིས་འཁོར་ཕབ་གཞོང་སོགས་ཐོན་རྫས་དག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུ་བཞིན་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་འགྲེམ་སྟོན་བྱས་པ་དང་། དེས་ལྟད་མོ་བ་མང་པོ་བཀུག །

