བོད་ཀྱི་གླུ་བ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་ཟེར་སྡེར་ཐོག་མ༼ཡར་ཡར་འགྲོ ༽ཞེས་པ་འགྲེམ་སྤེལ་བྱས།

    བོད་རིགས་རིག་གནས་དྲ་བ།    2012-06-12

ཉེ་ལམ།བོད་ཀྱི་གླུ་བ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་གཙང་མའི་ཆེད་སྒྲིག་ཟེར་སྡེར་ཐོག་མ༼ཡར་ཡར་འགྲོ༽ཞེས་པ་འགྲེམ་སྤེལ་བྱས་པ་དང་།ཟེར་སྡེར་དེའི་ནང་གླུ་བ་འཕྲིན་ལས་རྒྱ་མཚོས་གླུ་མ་འཕྱོངས་ཞོལ་སྒྲོལ་མ་དང་མཉམ་འབྲེལ་སྒོས“ལས་འབྲས་དང་མཛའ་བརྩེ”ཞེས་པའི་གླུ་གཞས་ཤིག་བླངས་ཡོད་པ་རེད།
ཆེད་སྒྲིག་ཟེར་སྡེར་གསར་བ་འདི་ཚོང་རར་ཐོན་མ་ཐག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། དེའི་ནང“ཡར་ཡར་འགྲོ”དང་། “མེ་ཏོག་སྒྲོལ་མ” “ལས་འབྲས” “སེམས་ཀྱི་ཉི་ཟླ” “ཨ་མ་མཁའ་འགྲོ་མ” “ལས་འབྲས་དང་མཛའ་བརྩེ”སོགས་གཞས12འདུས་ཡོད།

 

བོད་ཀྱི་གླུ་བ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་ཟེར་སྡེར་ཐོག་མ༼ཡར་ཡར་འགྲོ ༽ཞེས་པ་འགྲེམ་སྤེལ་བྱས།

  • ལེ་ཚན་སྔོན་མ།:ཟླ་ལྔ་བར་བོད་ལྗོངས་ཀྱིས་རྒྱལ་ཕྱི་ནང་གི་གནས་སྐོར་བ་འབུམ་དགུ་ལྷག་སྣེ་ལེན་བྱས།
  • ལེ་ཚན་རྗེས་མ།:བོད་ཡིག་གཏག་ཐབས་མ་ལག་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་སྟེང་འགྲེམ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།