ཤིན་ཅང་གི་དངོས་མིན་རིག་གནས་ཤུལ་བཞག་དམངས་ཁྲོད་དུ་རྒྱུད་འཛིན་ཐུབ་པ།

དབང་འདུས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-06-13

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་ནི་རང་རྒྱལ་གྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཐོན་ཁུངས་ལྗོངས་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུངགི་རྒྱབ་སྐྱོར་འོག ས་གནས་དེ་གས་དངོས་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་གསར་སྤེལ་དང་། བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད། ཤིན་ཅང་གི་དངོས་མིན་རིག་གནས་ཤུལ་བཞག་དམངས་ཁྲོད་དུ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།

ཤིན་ཅང་རིག་གནས་ཚན་པས་བསྡོམས་རྩིས་བྱས་པར་གཞིགས་ན། ཤིན་ཅང་གི་དངོས་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་དེ་རིགས་བཅུ་ལྷག་ཙམ་ལ་ཁྱབ་ཡོད་པ་དང་། རྣམ་གྲངས་ཁྱོན3784ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་ཀྱི15%ཡན་ཟིན་གྱི་ཡོད་པ་དང་། དམངས་སྲོལ་དང་། སྲོལ་རྒྱུན་གླུ་གཞས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ལག་རྩལ་སོགས་རིགས་ཁག་གི་རྣམ་གྲངས་ཀྱིས་སྤྱིའི་རྣམ་གྲངས་ཀྱི60%ཡན་ཟིན་གྱི་ཡོད་པ་རེད། ད་ལྟ་ཡོད་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་བཅུག་པའི་རྣམ་གྲངས70དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས185། ས་གནས་རིམ་པའི་རྣམ་གྲངས535། རྫོང་རིམ་པའི་རྣམ་གྲངས2480བཅས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཡུན་ནན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
  • ལེ་ཚན་རྗེས་མ།:ཐའེ་ཝན་དུ་བོད་ཀྱི་བག་ཆགས་ཞེས་པའི་པར་འགྲེམ་སྟོན་བྱས་པ་རེད།
  • དོ་སྣང་ཆེ་བའི་རྩོམ།