ནོར་བུ་ཚེ་རིང་དང་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་ལ་ཏུང་ལི་བུམ་པའི་རྩོམ་རིག་བྱ་དགའ་ཐོབ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2014-10-27

ཟླ10པའི་ཚེས23ཉིན།སྐབས་བདུན་པའི་ཏུང་ལིའི་རྒྱལ་ཡོངས་མང་ཚོགས་ཀྱི་བརྩམས་སྒྲུང་གསར་རྩོམ་གླེང་སྟེགས་དང་ཐཱན་ཅིན་གྲོང་ཁྱེར་གྱི་སྐབས་ཉེར་གསུམ་པའི་ཏུང་ལི་བུམ་པའི་རྒྱལ་ཡོངས་ལང་པཱིན་བརྩམས་སྒྲུང་བྱ་དགའ་གནང་བའི་མཛད་སྒོ་དེ་ཐཱན་ཅིན་གྲོང་ཁྱེར་ཏུང་ལི་ས་ཁུལ་དུ་མཇུག་བསྒྲིལ་ཞིང་།བོད་ལྗོངས་ཀྱི་རྩོམ་པ་པོ་ནོར་བུ་ཚེ་རིང་ལགས་ཀྱི་རྒྱ་ཡིག་གི་བརྩམས་ཆོས《དབྱར་རྩྭ་དགུན་འབུ》ཞེས་པར་ཏུང་ལི་རྩོམ་རིག་བྱ་དགའ་ཆེན་མོ་ཐོབ་པ་དང་།མཚོ་སྔོན་སོག་རྫོང་གི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་རྒྱ་ཡིག་གི་བརྩམས་སྒྲུང《རྨ་ཁུག་གྱི་ལིང》ཞེས་པར་སྐབས་ཉེར་གསུམ་པའི་ཏུང་ལི་བུམ་པའི་རྒྱལ་ཡོངས་ལང་པཱིན་བརྩམས་སྒྲུང་བྱ་དགའི་སྒྲུང་ཐུང་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་མཁའ་འགྲུལ་ལྷ་ས་ནས་པེ་ཅིང་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་ཀྱིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་དཀར་མཛེས་བཤམས་སྟོན་ཁང་དུ་གཟིགས་སྐོར་གནང་།
  • དོ་སྣང་ཆེ་བའི་རྩོམ།