2012-06-08
ཡུས་ཧྲུའུ་གློག་དྲ་མཚོ་སྔོན་གྱི་གློག་དྲ་གཙོ་བོར་མཐུད་པའི་གློག་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་ལས་མགོ་ཚུགས་པའི་མཛད་སྒོ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་རྒུ་གྲོང་བརྡལ་ནས་བསྡུས།
ཡུས་ཧྲུའུ་གློག་དྲ་མཚོ་སྔོན་གྱི་གློག་དྲ་གཙོ་བོར་མཐུད་པའི་གློག་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་ལས་མགོ་ཚུགས་པའི་མཛད་སྒོ་དེ་ཟླ་དྲུག་པའི་ཚེས་དྲུག་ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་རྒུ་གྲོང་བརྡལ་ནས་བསྡུས། བཟོ་སྐྲུན་ལས་མགོ་ཚུགས་པ་དེ་ནི་རྒྱལ་ཁབ་ཀྱི་ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་འཆར་འགོད་དངོས་འབེབས་བྱེད་པ་དང་། ཡུས་ཧྲུའུ་ཡི་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ཡོང་བའི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་ལས་གཞན། མཚོ་བོད་གློག་དྲའི་དྲ་སྦྲེལ་བཟོ་སྐྲུན་རྗེས་ཀྱི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་འོད་ཟེར་གྱི་ལམ་ཆེན་ཞིག་བསྐྲུན་རྒྱུ་དེ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གྱིས་བཟོ་སྐྲུན་ལས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞུའུ་ཧྥུའུ་ཧྲུན་དང་རྒྱལ་ཁབ་གློག་དྲ་ཀུང་ཟིའི་ཏང་ཙུའུ་ཁོངས་མི། སྤྱི་གཉེར་བ་གཞོན་པ་ཧྲོའེ་ཅོན་ཆིན་གཉིས་ཀས་སོ་སོར་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཀྲང་ཀོང་རོང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཡུས་ཧྲུའུ་ཁུལ་ཏང་ཨུའི་ཧྲུའུ་ཅི། ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ཡུས་དངོས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་གཞོན་པ་བསྟན་ཁོ། དྲག་ཆས་ཉེན་རྟོག་ཆུ་གློག་དམག་དཔུང་བཀོད་འདོམས་པུའུ་ཡི་ཀྲུའུ་རིན་ཡའོ་དབྱི། དེ་མིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ། རྒྱལ་ཁབ་གློག་ཤུགས་ལྟ་རྟོག་ཚོགས་པ། ཞིང་ཆེན་སྲིད་གཞུང་དང་ཡུས་ཧྲུའུ་ཁུལ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཡུས་ཧྲུའུ་གློག་དྲ་མཚོ་སྔོན་གྱི་གློག་དྲ་གཙོ་བོར་མཐུད་པའི་གློག་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་གྱི་ཐད་ལ་ཚོད་དཔག་བྱས་ན་འགྲོ་གྲོན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་དྲུག་ས་ཡ་དགུ་དགོས་ལ། རྒྱལ་ཁབ་ཀྱི་ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ཁྲོད་ཀྱི་ལས་གཞི་གཙོ་བོ་ཞིག་རེད། བཟོ་སྐྲུན་དེ་གློག་སྟོང་ཧྥུའུ་བདུན་བརྒྱ་དང་ལྔ་བཅུའི་ཉི་ཟླ་རི་བོའི་གློག་སྒྱུར་ས་ཚིགས་ནས་མགོ་ཚུགས་ཏེ། ཡུས་ཧྲུའུ་ཡི་གློག་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་གློག་སྒྱུར་ས་ཚིགས་དང་མཐུད་རྒྱུ་ཡིན་པ་དང་། སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྟོང་སྨི་བརྒྱད་བརྒྱ་དང་གསུམ་ཡོད། འཆར་གཞི་ལྟར་ན་བཟོ་སྐྲུན་དེ2013ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ལེགས་འགྲུབ་བྱུང་ནས་གློག་འདོན་རྒྱུ་ཡིན་ལ། དུས་དེར་ཡུས་ཧྲུའུ་ས་ཁུལ་གྱི་གློག་ཤུགས་དགོས་མཁོ་ཕར་ཆེར་བསྐོང་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10