བསོད་ནམས་ལྷ་མོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-06-08
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་སློབ་སྦྱོང་བྱེད་པའི་གསོ་སྦྱོང་བྱ་བའི་མགོ་བརྩམས་པ་ནས་བཟུང་། རྫོང་དང་ཞང་ཏང་ཨུ་དང་ཁུལ་ཐད་གཏོགས་སྡེ་ཁག་གིས་བྱ་བ་དེར་ཧ་ཅང་མཐོང་ཆེན་བྱས་ཏེ་མགོ་ཁྲིད་ལ་ཤུགས་སྣོན་པ་དང་སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་གཏོང་བ། དངོས་འབེབས་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ། མགྱོགས་མྱུར་སྒོས་བྱ་སྤྱོད་བསླངས་བ་སོགས་བྱས་ནས་བོད་ཡིག་སློབ་སྦྱོང་བྱེད་པའི་གསོ་སྦྱོང་བྱ་བའི་མགོ་བཟང་བོ་ཞིག་ཚུགས།
གཅིག་ནས་གྲ་སྒྲིག་བྱ་བ་ནན་མོ་ཡིན་པ། མིག་སྔའི་བར་དུ་དགེ་རྒན་སུམ་ཅུ་གདན་འདྲེན་བྱས་པ་དང་ལས་བྱེད་པ་དང་ལས་བཟོ་བ་སྟོང་གཉིས་དང་ལྔ་བརྒྱ་གསོ་སྦྱོང་ལ་ཞུགས། གཉིས་ནས་རྩ་འཛུགས་སྒྲིག་གཞི་འཐུས་ཚང་ཡིན། རྫོང་དང་ཞང་ཏང་ཨུ་ཡིས་བོད་ཡིག་སློབ་སྦྱོང་བྱེད་པའི་གསོ་སྦྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་བཙུགས་ནས་བོད་ཡིག་སློབ་སྦྱོང་བྱེད་པའི་གསོ་སྦྱོང་བྱ་བའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས། གསུམ་ནས་སློབ་ཁྲིད་ཀྱི་རྣམ་པ་་མང་ཞིང་། ལས་བྱེད་པ་དང་ལས་བཟོ་བས་རང་འགུལ་སྒོས་སློབ་སྦྱོང་བྱེད་པ་ལས་གཞན་གཅིག་གིས་གཅིག་ལ་རོགས་རམ་བྱེད་པ་དང་། ཉིན་རེར་བོད་སྐད་ཚིག་གཅིག་རེ་བཤད། བོད་སྐད་ཀྱི་གླུ་དབྱངས་ལེན་པ་སོགས་ཀྱི་བྱ་འགུལ་སྤེལ། བཞི་ནས་དཔྱད་ཞིབ་སྒྲིག་ལམ་འཐུས་ཚང་ཡིན་པ། བོད་ཡིག་སློབ་སྦྱོང་བྱེད་པའི་གསོ་སྦྱོང་བྱ་བ་དེ་ཏང་འཛུགས་བྱ་བའི་འགན་འཁྲི་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་སུ་བཞག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10