མཚོ་སྔོན་གསར་འགྱུར་དྲ་བ། 2012-06-07
མཚོ་སྔོན་ཞིང་ཆེན་གྱིས“ཁོར་ཡུག་ཁྱེད་ཀྱི་གམ་དུ་ཡོད”ཅེས་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་ལྗོངས་མདོག་དཔལ་ཡོན་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ཨུ་པུའུ་ཀྲང་གཞོན་པ་བང་ཞའོ་མིན་སོགས་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་བྱ་འགུལ་ལ་ཞུགས།
ཟླ6པའི་ཚེས5ཉིན། ཐེངས་ཞེ་གཅིག་པའི་འཛམ་གླིང་ཁོར་ཡུག་ཉིན་མོར་དྲན་གསོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས“ཁོར་ཡུག་ཁྱེད་ཀྱི་གམ་དུ་ཡོད”ཅེས་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་ལྷད་མེད་དང་དཔལ་ཡོན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ཨུ་པུའུ་ཀྲང་གཞོན་པ་བང་ཞའོ་མིན་སོགས་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་བྱ་འགུལ་སྟེང་ཞུགས།
ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྱིས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར་ཁོར་ཡུག་ནི་མིའི་རིགས་འཚོ་ཐབས་དང་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ཡིན་ལ། མིའི་རིགས་དཔལ་ཡོན་ཡར་ཐོན་བྱུང་བའི་མཚོན་བྱེད་གལ་ཆེན་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱེད་ཀྱིན་ཡོད་དེ། ཁོར་ཡུག་སྲུང་སྐྱོབ་ནི་རྒྱལ་ཁབ་ཀྱི་རྩ་བའི་ཐབས་ཇུས་ཡིན་པས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་ལེགས་བསྒྱུར་སོགས་ཀྱི་ལོ་རྒྱུས་འགན་ཁུར་གཞིར་བཟུང་སྟེ། སྐྱེ་ཁམས་ལ་བརྟེན་ནས་མཚོ་སྔོན་སྐྱོང་པའི་འཐབ་ཇུས་དང་འཕེལ་རྒྱས་བཞི་ཡི་བླང་བྱ་ལྟར་དུ། འཕེལ་རྒྱས་ཁྲོད་དུ་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོབ་ཁྲོད་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་རྒྱུ་སྤུས་སྤྱི་ནས་བརྟན་འཇགས་ཡིན་ཞིང་། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་འདུ་ཤེས་མཐོར་འདེགས་སུ་སོང་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ངོས་འཛིན་བྱེད་པ་ནས་ལག་ལེན་བྱེད་པའི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་ཀྱི་མགྱོགས་ཤིང་བཟང་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད་ཟེར།བྱ་འགུལ་སྤེལ་སྐབས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་བདུན་པའི་ལྷད་མེད་སློབ་གྲྭ་དང་། སྐོར་ཁག་གསུམ་པའི་ལྷད་མེད་གཞིས་ཁུལ། ཞིང་ཆེན་རིམ་པའི་སྐྱེ་ཁམས་གྲོང་བརྡལ་དང་སྐྱེ་ཁམས་སྡེ་བ། སྐོར་ཁག་གཉིས་པའི་ཁོར་ཡུག་སློབ་གསོ་རྟེན་གཞི་བཅས་ལ་མིང་བཏགས་པར་མ་ཟད་ད་དུང་བྱ་དགའ་གནང་བའི་མཛད་སྒོ་སྤེལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10