རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་བཅུ་བཞི་བ་བསྡུས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-05-24

རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་བཅུ་བཞི་བ་བསྡུས་པ།
ཚོགས་རའི་ཟུར་ཞིག
 

ཟླ5བའི་ཚེས7ཉིན་ནས་ཚེས19ཉིན་བར་དུ། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་དང་ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་བཅུ་བཞི་བ་པེ་ཅིང་དུ་བསྡུས་པ་རེད། 
              རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་ནི་རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱ་ཁྱབ་ཁོངས་སུ་ལོ་གཉིས་ནང་ཐེངས་གཅིག་ལ་བསྡུ་བའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གིས་འགོ་བཟུང་སྟེ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་གཙོ་སྒྲུབ་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་གྲོས་ཞིབ་ཚོགས་འདུ་ནི་ཁོངས་ཞུགས་ལས་ཁུངས་ཏེ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་རིགས་སྐད་ཀྱི་ཀུན་ཁྱབ་ལྟེ་གནས་དང་། མི་རིགས་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡ་དང་རྩོམ་རིག་སློབ་གླིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོ་ནང་བསྟན་མཐོ་རིམ་སློབ་གླིང་སོགས་ཀྱིས་འགན་སྒྲུབ་བྱས། ཚོགས་འདུའི་སྟེང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་འགན་ཁུར་བ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་མི་རིགས16གི་ཆེད་མཁས་པ་སོགས་མི90ལྷག་ཞུགས་ཡོད་པ་རེད།
              ཚོགས་འདུའི་སྟེང་ཆེད་དོན་ཚན་ཆུང་སོ་སོའི་རང་རྒྱལ་གྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་། ལོ་ཙཱའི་གཞུང་ལུགས་དང་ལག་ལེན། མིག་སྔའི་ཡིག་སྒྱུར་བྱ་བའི་ཁྲོད་ཀྱི་གནད་དོན་ཁག་སོགས་ལ་རིག་གཞུང་གི་གྲོས་ཞིབ་རྒྱ་ཆེན་པོ་བྱས་ཤིང་། ཐེངས་འདིར་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ་མཁན་ལ་མཚན་སྙན་འཛིན་ཡིག་གནང་བ་རེད། 
              བགྲང་བྱ་ཉེར་བདུན་གྱི་རིང་དུ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་ཀྱི་ཁྲིད་སྟོན་འོག ལོ་གཉིས་ནང་ཐེངས་གཅིག་ལ་བསྡུ་བའི་རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་གྲོས་ཞིབ་ཚོགས་འདུར་བརྒྱུད་ཐོག 《མི་རིགས་ལོ་ཙཱ》ཞེས་པའི་རིག་གཞུང་དུས་དེབ་དེ་ཞིབ་འཇུག་སྟེགས་བུར་བྱས་ཏེ་མི་རིགས་སོ་སོའི་ལོ་ཙཱའི་ཆེད་མཁས་པ་རྩ་འཛུགས་དང་སྐུལ་འདེད་བྱས་ནས་ཕན་འབྲས་མངོན་སུམ་ལྡན་པའི་ཡིག་སྒྱུར་བྱ་བ་སྤེལ་བ་རེད།

  • ལེ་ཚན་སྔོན་མ།:ལིས་ཁི་ཆཱང་གིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:རེབ་གོང་མཁར་རྩེ་རྒྱལ་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།