བོད་ལྗོངས་ཀྱི་བོད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་བ།

    མཚོ་སྔོན་པོ་དྲ་བ།    2012-05-23

ཉེ་བའི་ལོ་འགའི་ནང་བོད་ལྗོངས་ཀྱི་བོད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་ལོ་ཙཱའི་ལས་བྱེད་པའི་མཐུན་ཚོགས་བཙུགས་ནས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་ས་ཁུལ་དུ་ཡན་ལག་མཐུན་ཚོགས་བཙུགས། ལོ་ཙཱའི་ལས་བྱེད་པ་མཐུན་ཚོགས་ཀྱིས་ལོ་ཙཱའི་ཟབ་སྦྱོང་འཛིན་གྲྭ་ཐེངས་མང་པོ་བཙུགས་ནས་སློབ་མ་བཞི་བརྒྱ་ལྷག་གསོ་སྦྱོང་བྱས། རགས་རྩིས་བྱས་པ་ལྟར་ན་མིག་སྔར་བོད་ལྗོངས་སུ་བོད་ཡིག་ལོ་ཙཱའི་ལས་བྱེད་པ་སྟོང་གཅིག་ཡས་མས་ཡོད་ཅིང་། ཁྲིམས་ལུགས་དང་། གསར་འགྱུར། གཞུང་ཡིག ཚན་རྩལ། སློབ་གསོ། རྩོམ་རིག གསོ་རིག གློག་བརྙན་འཕྲིན་སོགས་ཀྱི་ཁྱབ་ཁོངས་ཀྱི་ལོ་ཙཱའི་ལས་འགན་དང་ལེན་བྱེད་བཞིན་ཡོད་ལ། ལོ་རེར་ཡིག་གྲངས་བྱེ་བ་གསུམ་ལྷག་གི་ལོ་ཙཱའི་བྱ་བ་བསྒྲུབས་ནས་བོད་ལྗོངས་ཀྱི་བོད་སྐད་ཡིག་གི་སློབ་སྦྱོང་དང་། བཀོལ་སྤྱོད། འཕེལ་རྒྱས་བཅས་ལ་ཤུགས་འདོན་བཞིན་ཡོད།
  • ལེ་ཚན་སྔོན་མ།:བོད་སྐད་ཡིག་དཔེ་སྐྲུན་ཆ་འཕྲིན་ཅན་དུ་གཏོང་བའི་ལས་གཞི་བཅུ་གསུམ་མི་འགྱང་བར་ལས་མགོ་རྩོམ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆཱང་གིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།