བོད་སྐད་ཡིག་དཔེ་སྐྲུན་ཆ་འཕྲིན་ཅན་དུ་གཏོང་བའི་ལས་གཞི་བཅུ་གསུམ་མི་འགྱང་བར་ལས་མགོ་རྩོམ་རྒྱུ་ཡིན་པ།

    མཚོ་སྔོན་པོ་དྲ་བ།    2012-05-23

བོད་ཡིག་དཔེ་སྐྲུན་རྟེན་གཞི་འཛུགས་སྐྲུན་དང་། བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་བྱ་བ་ཆ་འཕྲིན་ཅན་དུ་གཏོང་བ། བོད་ཡིག་དྲ་རྒྱའི་པར་སྐྲུན་ལྟ་སྐུལ་དོ་དམ་མ་ལག་སོགས་ལས་གཞི་བཅུ་གསུམ་མི་འགྱང་པར་ལས་མགོ་རྩོམ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བོད་ཡིག་དཔེ་སྐྲུན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་ནི་བོད་ཡིག་དཔེ་སྐྲུན་འགྲེམ་སྤེལ་གྱི་གྲངས་འཛིན་ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་བསྟུན་པ་ཡིན་ཞིང་། དེའི་ཁོངས་སུ་ཇུས་འགོད་དང་། དཔེ་སྐྲུན་ལོ་ཙཱ། གྲངས་འཛིན་དཔེ་སྐྲུན། བརྙན་གཟུགས་གློག་རྡུལ་དཔེ་སྐྲུན། གྲངས་འཛིན་ཐོན་ཁུངས་དོ་དམ། མཉེན་ཆས། བོད་ཡིག་གློག་རྡུལ་དཔེ་ཆའི་འདོན་སྤེལ་སོགས་འདུས། དེ་དང་ཆབས་ཅིག བོད་ལྗོངས་ཀྱི་དཔེ་རྙིང་རྩ་ཆེན་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པ་དང་། དམངས་ཁྲོད་ཀྱི་གླུ་གཞས་དང་གཏམ་རྒྱུད་སོགས་རིག་གནས་སྒྱུ་རྩལ་འཚོལ་བསྡུ་དཔེ་སྐྲུན་བྱེད་པ་ཞིག་ཀྱང་ཡིན། དེར་མ་ཟད་ད་དུང«རྒྱུད་བཞི»དང་། «གེ་སར» «བཀའ་འགྱུར»སོགས་བོད་ཡིག་བསྟན་བཅོས་གྲགས་ཅན་དཔེ་སྐྲུན་འགྲེམ་སྤེལ་བྱེད་པར་ཡང་ཤུགས་སྣོན་རྒྱུ་རེད།

  • ལེ་ཚན་སྔོན་མ།:པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》Seattleརྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་བོད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།