པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》Seattleརྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-05-23

ཟླ5བའི་ཚེས17ཉིན། སྐབས་སོ་བརྒྱད་པའིSeattleརྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགོ་བརྩམས་ཤིང་།  བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཨ་རིའིSeattleགྲོང་ཁྱེར་དུ་བསྐྱོད་དེ་ཁོང་གི་གློག་བརྙན《ཁྱི་རྒན》བརྙན་སྟོན་དང་འབྲེལ་འདྲིས་ཀྱི་བྱ་འགུལ་ལ་ཞུགས་པ་རེད།
         《ཁྱི་རྒན》ཞེས་པའི་གློག་བརྙན་འདིའི་ནང་བོད་རིགས་རྒན་པོ་ཞིག་དང་འབྲོག་ཁྱི་བར་གྱི་བརྩེ་སེམས་བརྗོད་ཀྱི་ཡོད་ཅིང་། ན་ནིང་སྐབས12པའི་ཏུང་ཅིནFilmexརྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཆེས་ལེགས་པའི་གློག་བརྙན་བྱ་དགའ་དང་།  ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཡ་གླིང་གྲངས་འབྲེལ་འགྲན་བསྡུར་དུ་གསེར་གྱི་རྟགས་མ་སོགས་བྱ་དགའ་གང་མང་ཐོབ་མྱོང་།

པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》Seattleརྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས་པ།
གློག་བརྙན་དུས་སྟོན་སྐབས་ཀྱི་པདྨ་ཚེ་བརྟན།

         Seattleརྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་ཨ་རིའི་ཆེས་གནའ་བོའི་གློག་བརྙན་དུས་ཆེན་ཞིག་ཡིན་ཞིང་། ལོ་རེར་འཛམ་གླིང་རྒྱལ་ཁབ་སོ་སོའི་ཕུལ་བྱུང་གློག་བརྙན་སྟོན་པ་ཡིན་ལ། ཨ་རི་ས་ཆར་སྙན་གྲགས་ཆེན་པོ་རྒྱས་ཡོད།

  • ལེ་ཚན་སྔོན་མ།:ལུང་རིན་ཆེན་གྱི་བརྩམས་ཆོས་གསུམ་པར་སྐྲུན་བྱེད་པར་ཀྲིག་ཅང་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ།
  • ལེ་ཚན་རྗེས་མ།:བོད་སྐད་ཡིག་དཔེ་སྐྲུན་ཆ་འཕྲིན་ཅན་དུ་གཏོང་བའི་ལས་གཞི་བཅུ་གསུམ་མི་འགྱང་བར་ལས་མགོ་རྩོམ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།