ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-05-23
ཉེ་ལམ། 2012ལོའི་ཀྲིག་ཅང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་པ་པོ་དཔྱད་འདེམ་ཞིབ་བཤེར་ཚོགས་འདུ་ཧང་ཀྲིག་ནས་བསྡུས་ཤིང་། དེ་སྔོན་ལུའུ་ཞུན་རྩོམ་རིག་བྱ་དགའི་ཨང20ནང་ཚུད་པའི་མཚོ་སྔོན་གྱི་རྩོམ་པ་པོ་ལུང་རིན་ཆེན་ལ《སྤྱི་གཙུག་གི་ས་གཞི》ཞེས་པ་དང་། 《མཚོ་སྔོན་པོའི་མཛེས་ལྗོངས》། 《བཀྲ་ཤིས་པའི་མདོ་དབུས་མཐོ་སྒང》བཅས་བརྩམས་ཆོས་གསུམ་ཡར་ཞུ་བྱས་པར་བརྟེན་ཀྲིག་ཅང་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་རྟགས་འགོད་པར་གོ་སྐབས་ཐོབ།
དེ་མིན་རྩོམ་པ་པོ་གཞན་གྱི་བརྩམས་ཆོས10ལའང་མིང་རྟགས་འགོད་པའི་གོ་སྐབས་བསྩལ་བ་དང་། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ས་ཁུལ་དང་གྲོང་ཁྱེར་སོ་སོས་ཀྲིག་ཅང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ལ་བསྡོམས་པས་རྩོམ་པ་པོ3དང་བརྩམས་ཆོས14མཚམས་སྦྱོར་བྱས་ཤིང་། ཀྲིག་ཅང་རྩོམ་རིག་གླིང་གིས་ཐོབ་ཐང་ཞིབ་བཤེར་དང་དཔྱད་འདེམས་ཞིབ་བཤེར་ཚན་ཆུང་རྩ་འཛུགས་སྒོས་ལྟ་ཀློག་མཐའ་དཔྱོད་བྱས་པར་བརྒྱུད། མཐར་མིང་རྟགས་འགོད་འོས་པའི་མིང་ཐོ་ཁྱབ་བསྒྲགས་བྱེད་ཐུབ་པ་བྱུང་།
རྒྱུས་ལོན་པ་ལྟར་ན། མིང་རྟགས་འགོད་པའི་མིང་ཐོ་གཏན་འཁེལ་བྱས་རྗེས། ཀྲིག་ཅང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལུང་རིན་ཆེན་གྱི་བརྩམས་ཆོས་གསུམ་དང་རྩོམ་པ་པོ་གཞན་གྱི་བརྩམས་ཆོས10རྣམས་སོ་སོ་ཀྲིག་ཅང་དངོས་ཡོད་རིང་ལུགས་རྩོམ་རིག་གཅེས་བསྡུས་ལས་གཞི་དང་། ཀྲིག་ཅང་རྩོམ་རིག་གསར་སྐྲུན་གསལ་འདོན་ལས་གཞི་བཅས་སུ་བཀོད་དེ་པར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ལོ་གསུམ་གྱི་ནང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་སྲིད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10