བོད་ལྗོངས་ཀྱི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིན་ནས་རིན་མེད་སྒོས་ནད་བཅོས་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར    ཞིན་ཧྭ་དྲ་བ།    2012-05-23

བོད་ལྗོངས་ཀྱི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིན་ནས་རིན་མེད་སྒོས་ནད་བཅོས་བྱས་པ།
 

མིག་ཟུང་ལོང་བར་གྱུར་ཅིང་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བོད་རིགས་བྱིས་པ་ངག་དབང་མཚོ་མོར་མེ་འཁོར་སྟེང་ཚ་བརྒྱབ་པས། མེ་འཁོར་སྟེང་གི་པེ་ཅིན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་སྙིང་ནད་ཚན་ཁག་གི་སྨན་པས་ནད་བཅོས་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས19ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ་སོགས་ས་ཁུལ་ནས་ཡོང་བའི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ43མེ་འཁོར་ལ་བསྡད་དེ་པེ་ཅིན་གྲོང་ཁྱེར་དུ་སླེབས། བཅིངས་འགྲོལ་དམག301སྨན་ཁང་དང་མཚོ་དམག་སྤྱི་ཁྱབ་སྨན་ཁང་། མཁའ་དམག་སྤྱི་ཁྱབ་སྨན་ཁང་དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་བཅས་ཀྱིས་རིན་མེད་སྒོས་སྨན་བཅོས་བྱས། དེ་རྗེས་ད་རུང་བོད་ལྗོངས་ཀྱི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ100ལྷག་སྔ་རྗེས་སུ་པེ་ཅིན་དུ་ཡོང་ནས་རིན་མེད་སྒོས་སྨན་བཅོས་བྱེད་རྒྱུ་ཡིན་ལ། ཁོ་ཚོ་ནི་ཀྲུང་ཧྭ་སྙིང་རྗེ་སྤྱི་ཁྱབ་ཚོགས་པའི་གྲངས་ཉུང་མི་རིགས་དབུལ་ཕོངས་ཁྱིམ་ཚང་གི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རོགས་སྐྱོར་འཆར་འགོད་དུ་ཚུད་པའི་བྱིས་པ་ཡིན། འདི་ནི་འཆར་འགོད་དེ་མིག་སྔའི་བར་དུ་བོད་ལྗོངས་ནས་སྤེལ་བའི་གཞི་ཁྱོན་ཆེས་ཆེ་བའི་རོགས་སྐྱོར་ཐེངས་ཤིག་ཡིན།


 

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་བྱེད་པའི་ཞིབ་བསྡུར་ཚོགས་འདུ་པེ་ཅིན་ནས་བསྡུས་ཤ
  • ལེ་ཚན་རྗེས་མ།:ལུང་རིན་ཆེན་གྱི་བརྩམས་ཆོས་གསུམ་པར་སྐྲུན་བྱེད་པར་ཀྲིག་ཅང་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ།
  • དོ་སྣང་ཆེ་བའི་རྩོམ།