ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-05-21
ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་གི་གླུ་བ་པདྨ་རྡོ་རྗེ།
ཉེ་ལམ། ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་གི་གླུ་བ་པདྨ་རྡོ་རྗེས"གཅེས་ཉར་ཐང་ག"ཕུལ་ཏེ་ཡུན་ནན་སྲོང་བཙན་གླིང་དགོན་པ་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། རྒྱུས་ལོན་པ་ལྟར་ན། པདྨ་རྡོ་རྗེ་ནི་སེམས་ཀྱི་ཉི་ཟླ་རྫོང་གི་བྱད་གཟུགས་ཚབ་མཚོན་མི་སྣའང་ཡིན་པ་རེད།
ཐང་ག
སེམས་ཀྱི་ཉི་ཟླ་རྫོང་གི་སྲོང་བཙན་གླིང་དགོན་པ་ནི་ཡུན་ནན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་བའི་བོད་རྒྱུད་ནང་བསྟན་དགོན་པ་ཞིག་ཡིན་ཞིང་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་དང་ཕོ་བྲང་པོ་ཏ་ལ་ཆུང་བ་ཞེས་པར་གྲགས། 2010ལོའི་ཟླ8པའི་ཚེས23ཉིན་སེམས་ཀྱི་ཉི་ཟླ་རྫོང་གི་སྲོང་བཙན་གླིང་དགོན་པའི་སྲུང་སྐྱོབ་རང་བཞིན་གྱི་བསྐྱར་སྐྲུན་ལས་གཞི་སྟེ"གྲྭ་ཚང"འདུ་ཁང་གི་སྤྱིའི་བཟོ་དབྱིབས་ལེགས་འགྲུབ་བྱུང་སྟེ་འདུ་ཁང་ནང་ངོས་འཛུགས་སྐྲུན་བྱེད་ལ། དེའི་ཐད་ཀྱི་མ་དངུལ་འགྲོ་གྲོན་ཤིན་ཏུ་ཆེ་སྟེ་སྤྱིར་བཏང་གི་གནའ་ཤུལ་བསྐྱར་སྐྲུན་ལས་གཞི་ཞིག་ལས་ལྡབ་ལྷག་གིས་དཀའ་ཁག་བྱུང་། དེར་བརྟེན་ལས་གཞི་འདི་ཇེ་མགྱོགས་སུ་གཏོང་བར་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་དང་རྫོང་སོགས་རིམ་པ་སོ་སོའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་གཟིགས་རྟོགས་དང་ཐུགས་ཁུར་ཆེན་མོའི་འོག 2010ལོའི་ཟླ7པའི་ཚེས9ཉིན་འཛམ་གླིང་ཞི་བདེ་དང་མི་རིགས་འཆམ་མཐུན་ཞེས་པ་བརྗོད་དོན་དུ་བཟུང་བའི་སེམས་ཀྱི་ཉི་ཟླ་རྫོང་གི་སྲོང་བཙན་གླིང་དགོན་པའི་གཅེས་ཉར་ཐང་ག་འགྲེམ་སྟོན་དང་ཆུ་ཅིན་སྙིང་རྗེའི་དགོང་ཚོགས་སྤེལ།
སེམས་ཀྱི་ཉི་ཟླ་རྫོང་གི་བྱད་གཟུགས་ཚབ་མཚོན་པ་པདྨ་རྡོ་རྗེས་ཕུལ་པའི་ཐང་ག་འདི་ནི་ཡུལ་དངོས་ཀྱི་གྲོགས་པོ་ཞིག་གིས་སྒོར་ཁྲི32བྱས་ནས་ཉོས་ཤིང་། སྒོར་འདི་ཡོངས་སུ་སྲོང་བཙན་གླིང་དགོན་པའི་བསྐྱར་སྐྲུན་ལས་གཞི་རུ་བཀོལ་སྤྱོད་བྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10