ཕྱུག་ལོ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-05-21
ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཝུའུ་ཧན་གྲོང་ཁྱེར་ནས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་མཛད་བཞིན་པ།ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཝུའུ་ཧན་གྲོང་ཁྱེར་ནས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་མཛད་པ་མ་ཟད་མགོ་འཛིན་མཛད་དེ་ཧི་པེ་དང་ལེའོ་ཉིན། ཅང་སུའུ། ཧུའུ་པེ། ཀོང་ཏུང་། ཧྲན་ཞི་བཅས་ཞིང་ཆེན་དྲུག་གི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།ཝུན་ཅ་པའོ་ཡིས་བསྟན་དོན། བརྟན་འཇགས་ཁྲོད་ནས་གོང་འཕེལ་བརྩོན་པའི་སྤྱིའི་བྱེད་ཐབས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱེད་པ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དངུལ་ལོར་ཚད་བརྒལ་གྱིས་འགྲེམ་པར་སྔོན་ནས་དོ་དམ་བྱེད་པ་བཅས་གསུམ་གྱི་འབྲེལ་བ་ཡང་དག་པར་ཐག་བཅད་ཅིང་། ནོར་སྲིད་སྲིད་ཇུས་བཟང་བོ་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྟན་བརླིང་ངང་འཕར་སྣོན་འབྱུང་བར་བྱེད་པ་དེ་གོ་གནས་སྔར་ལས་གལ་ཆེན་དུ་འཇོག་དགོས། དཔལ་འབྱོར་འཁོར་སྐྱོད་ཁྲོད་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་གཞིར་བཟུང་ནས། དམིགས་ཡུལ་ཡོད་པའི་སྒོ་ནས་ཆེ་ཕྱོགས་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། འོས་འཚམ་གྱིས་ལེགས་སྒྲིག་བྱེད་པ། ནང་མཁོ་རྒྱ་བསྐྱེད་ཅིང་། ཕྱི་མཁོ་བརྟན་འཇགས་སུ་བཏང་ནས། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་མྱུར་ངང་འཕེལ་བར་ཡར་སྐུལ་བྱེད་དགོས་ཟེར།ཝུའུ་ཧན་རྣོ་ལྕགས་སྡེ་ཚོགས་ཀུང་ཟི་ནས། ཁེ་ལས་ཀྱི་འགན་འཁུར་པས་ཙུང་ལི་ལ་ད་ལོའི་ཟླ་སྔོན་མ་བཞིའི་ནང་། ཀོས་རྣོ་ལྕགས་དང་རླངས་འཁོར་ལྕགས་ལེབ་ཀྱི་ཁེ་སྤོགས་ཅུང་བཟང་བ་མ་གཏོགས། ཐོན་རྫས་མང་ཆེ་ཤོས་ཀྱིས་གྱོང་རེག དཀའ་ངལ་བསལ་ཆེད་ཝུའུ་ཧན་རྣོ་ལྕགས་སྡེ་ཚོགས་ཀུང་ཟིས་གྲུབ་ཚུལ་ལེགས་སྒྲིག་དང་མ་རྩ་དམའ་གཏོང་། རྒྱུ་སྤུས་མཐོར་འདེགས། ལྕགས་རྡོའི་འདོན་སྤྲོད་ནུས་པ་མཐོར་འདེགས་བཅས་བྱེད་ཐབས་བཞི་སྤྱད་པ་ཡིན་ཞེས་ཞུས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། དེའི་ཁར་ངས་ཁྱོད་ཚོར་བྱེད་ཐབས་གཅིག་སྣོན། དེ་ནི་རྗེས་ལུས་དང་ལྷག་ལུས་ཀྱི་ཐོན་ནུས་མེད་པར་བཏང་ནས། རང་བདག་གསར་སྐྲུན་དང་གྲུབ་ཚུལ་ལེགས་སྒྲིག་རྒྱུན་འཁྱོངས་བྱས་ཤིང་། ཁྲོམ་རའི་ཟིན་ཚད་རྒྱ་བསྐྱེད་དེ་འཕེལ་རྒྱས་ཀྱི་ལམ་གསར་བ་བཏོད་རྒྱུ་དེ་ཡིན་ཟེར།ཝུན་ཅ་པའོ་ཡིས་ད་དུང་ཨེ་ཏིས་་སྡེ་ཚོགས་དང་ཝུའུ་ཧན་ཀོང་ཞུན་ཚན་རྩལ་ཀུང་ཟི་ལ་རྟོག་ཞིབ་མཛད། ཁེ་ལས་འདི་གཉིས་ཀྱིས་ད་ལོའི་ཟླ་སྔོན་མ་བཞི་ལ་རང་བཟོས་ཐོན་རྫས་ལ་བརྟེན་ནས་ཕྱིར་གཏོང་ཚད་ཆེས་ཆེར་འཕར་བར་བྱས་པའི་གནས་ཚུལ་རྟོགས་རྗེས། ཝུན་ཅ་པའོ་ཡིས་མཐོང་རྒྱ་ཆེ་བའི་ཁེ་ལས་ཀྱི་འགན་འཁུར་པས་ཚན་རྩལ་གསར་སྐྲུན་གྱི་ཐད་ལ་བསམ་གཞིགས་གཏོང་དགོས་པ་དང་། འདི་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ཞེས་གསུངས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་སྔར་ལས་ཞིབ་མོ་བྱ་ཆེད། ཝུན་ཅ་པའོ་ཡིས་འབྲེལ་ཡོད་ཁེ་ལས་ནས་སྔ་གཞུག་ཏུ་བཞུགས་མོལ་ཚོགས་དུ་ཐེངས་གསུམ་ལ་བསྡུས་ཏེ། ཁེ་ལས་བཅུ་ཕྲག་གི་འགན་འཁུར་པར་བརྗེ་རེས་ཟབ་མོ་མཛད། དེའི་རྗེས་སུ་ཝུན་ཅ་པའོ་ཡིས་གསུངས་རྒྱུར། དེང་སྐབས་ཁེ་ལས་བདག་གཉེར་ཐད་དཀའ་ངལ་ཁ་ཤས་གནས་ཡོད། འདི་ནི་ཁེ་ལས་པར་མཚོན་ན་སྦྱོང་བརྡར་ཡིན་ཞིང་ཁེ་ལས་ལ་མཚོན་ན་ཉམས་སད་ཡིན། དཀའ་ངལ་གྱི་མདུན་དུ་ང་ཚོར་ཡིད་ཆེས་ཡོད་དགོས། ཡིད་ཆེས་ནི་གནས་བབ་ལ་བརྡར་ཤ་ཡང་དག་བཅད་པ་ལས་བྱུང་བ་ཡིན་ལ། མྱུར་ཞིང་ནུས་པ་ལྡན་པའི་སྲིད་ཇུས་ལས་བྱུང་བ་ཡིན་པས། ཐབས་བརྒྱ་ཇུས་སྟོང་གིས་དགོས་མཁོ་ཡང་དག་པར་བཙལ་ཏེ་ཁྲོམ་ར་གསར་སྤེལ་བྱེད་དགོས་ལ། བབ་བསྟུན་གྱི་ནུས་ཤུགས་དང་འགྲན་རྩོད་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བར་འབད་བརྩོན་བྱས་ཏེ། དཀའ་ངལ་སེལ་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཟེར།ཝུན་ཅ་པའོ་ཡིས་དེང་སྐབས་ཀྱི་ལས་ཞུགས་གནས་ཚུལ་ལ་ཧ་ཅང་གཙིགས་འཛིན་གནང་། ཁོང་གིས་ད་དུང་ཝུའུ་ཧན་ན་ཅེ་མི་ཤུགས་ཐོན་ཁུངས་ཁྲོམ་རར་རྟོག་ཞིབ་མཛད་པ་དང་མི་བཀོལ་བའི་ལས་ཁུངས་དང་ལས་ཀ་བཙལ་མཁན་ལ་བཞུགས་མོལ་མཛད།ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཝུན་ཅ་པའོ་ཡིས་ཝུའུ་ཧན་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཧི་པེ་དང་ལེའོ་ཉིན། ཅང་སུའུ། ཧུའུ་པེ། ཀོང་ཏུང་། ཧྲན་ཞི་བཅས་ཞིང་ཆེན་དྲུག་གི་འགན་འཁུར་པ་དང་མཉམ་དུ་དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་། ཞིང་ཆེན་སོ་སོས་མིག་སྔར་དཔལ་འབྱོར་འཁོར་སྐྱོད་སྤྱིར་བཏང་གིས་བརྟན་བརླིང་ཡིན་པ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་གྲུབ་འབྲས་གསར་བ་ཐོབ་ཡོད་ཅིང་། དམངས་འཚོ་བསྟུད་མར་ཇེ་ལེགས་སུ་སོང་ཡོད་མོད། འོན་ཀྱང་དགོས་མཁོ་བསྐངས་མེད་པ་དང་། ལས་རིགས་དང་ཁེ་ལས་ཁ་ཤས་ཀྱི་ཁེ་སྤོགས་ཇེ་དམའ་རུ་སོང་བ་སོགས་ཀྱི་འགལ་བ་ཅུང་འབུར་དུ་ཐོན་ཡོད་ལ། དཔལ་འབྱོར་ཉམས་རྒུད་ཀྱི་ཉེན་ཁ་ཇེ་ཆེར་སོང་ཡོད་ཚུལ་ཞུས་པ་ན། ཝུན་ཅ་པའོ་ཡིས་གསུངས་རྒྱུར། དེང་སྐབས་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་གནས་བབ་ལ་ཡང་དག་པའི་དབྱེ་ཞིབ་བྱེད་པ་དང་བརྡར་ཤ་བཅད་དེ། མྱུར་ཞིང་འོས་འཚམ་ཡིན་པའི་ལེགས་སྒྲིག་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། གྲུབ་ཚུལ་རང་བཞིན་གྱི་ཁྲལ་འཕྲི་ལག་བསྟར་བྱེད་པ་ནི་ནོར་སྲིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་མྱུར་དུ་དངོས་འབེབས་བྱེད་དགོས། དངུལ་ལོར་སྲིད་ཇུས་བརྟན་བརླིང་ཡིན་པའི་རྩ་བའི་ཁ་ཕྱོགས་ལ་འགྱུར་བ་མེད་པའི་ཆ་རྐྱེན་འོག དངུལ་ལོར་སྲིད་ཇུས་ཀྱི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་སྔར་ལས་ཇེ་མཐོར་བཏང་ནས། དངུལ་ལོར་བསྐྱི་དངུལ་བརྟན་བརླིང་དང་འོས་འཚམ་གྱིས་འཕར་སྣོན་འབྱུང་བར་ཁྲིད་སྟོན་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་གྱི་དགོས་མཁོ་སྐོང་བར་སྔར་ལས་དོ་སྣང་བྱས་ཤིང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱེད་བཞིན་པ་དང་མུ་མཐུད་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་བསྐྱི་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། ཁེ་ལས་ཆུང་བ་དང་ཆེས་ཆུང་བར་བསྐྱི་དངུལ་གྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་ཇེ་ཉུང་དུ་གཏོང་དགོས་ཟེར།ཝུན་ཅ་པའོ་ཡིས་ནང་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དེ་དཔལ་འབྱོར་འཕར་སྣོན་གྱི་བརྟན་བརླིང་རང་བཞིན་དང་རྒྱུན་སྲིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་། འཛད་སྤྱོད་ལ་ཡར་སྐུལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པས་འཆར་འགོད་བྱས་པའི་ལས་གཞི་གལ་ཆེན་དུས་ལྟར་ལག་བསྟར་བྱེད་དགོས་ཤིང་། འཛུགས་སྐྲུན་དང་མུ་མཐུད་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ལ་ཞིབ་བཤེར་བྱས་ཏེ། རིགས་བགར་ནས་གནད་དོན་ཐག་བཅད་དེ། ལས་འཕྲོར་ལུས་པའི་བཟོ་སྐྲུན་འབྱུང་བར་སྔོན་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།ཝུན་ཅ་པའོ་ཡིས་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་ལས་ལ་ཡང་བསྐྱར་ལོ་ལེགས་འབྱུང་བར་བྱེད་དགོས་པ་དང་། ཕྱིར་གཏོང་སྲིད་ཇུས་བརྟན་བརླིང་དང་འཐུས་ཚང་དུ་བཏང་ཞིང་། ཁེ་ལས་ཀྱིས་ཧུར་ཐག་གིས་ཁྲོམ་ར་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་གིས་འཕར་སྣོན་འབྱུང་བར་བྱས་ཏེ། ཁང་སའི་ཐོན་ལས་ཁྲོམ་རའི་སྙོམས་སྒྲིག་སྲིད་ཇུས་བརྟན་བརླིང་དུ་གཏོང་དགོས་ཞེས་བསྟན།ཚེས་བཅུ་དགུ་ཉིན་གྱི་དགོང་མོར། ཝུན་ཅ་པའོ་ད་དུང་ཀྲུང་གོ་ས་གཤིས་སློབ་ཆེན་དུ་ཕེབས་ཏེ། སློབ་གྲྭ་དེའི་རི་འགོས་རུ་ཁག་བདེ་བླག་དང་ཇོ་མོ་གླང་མའི་རྩེ་རུ་འགོས་པར་རྟེན་འབྲེལ་ཞུས། ཁོང་གིས་སྐྱེ་དངོས་ས་གཤིས་དང་ཁོར་ཡུག་ས་གཤིས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ལ་རྟོག་ཞིབ་མཛད་པ་མ་ཟད། དགེ་སློབ་ཚོར་བརྗེ་རེས་མཛད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10