ཧོ་ཀུའོ་ཆང་གིས་ཀན་སུའུ་མེན་རྫོང་དུ་རྒུད་སྐྱོབ་བྱ་བར་རྟོག་ཞིབ་མཛད་པ།

ཕྱུག་ལོ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-05-21

ཧོ་ཀུའོ་ཆང་གིས་ཀན་སུའུ་མེན་རྫོང་དུ་རྒུད་སྐྱོབ་བྱ་བར་རྟོག་ཞིབ་མཛད་པ།
 

ཚེས་བཅུ་དགུ་ཉིན། ཀན་སུའུ་རུ་བྱ་བར་རྟོག་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཧི་གོ་ཆང་སེར་བ་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་མེན་རྫོང་གི་གནོད་ཐེབས་ས་ཁུལ་དུ་ཕེབས་ཉེན་སེལ་རྒུད་སྐྱོབ་མི་སྣར་བསྐོར་བརྒྱབ་ནས་འཚམས་འདྲི་མཛད།

ཚེས་བཅུ་དགུ་ཉིན། ཀན་སུའུ་རུ་བྱ་བར་རྟོག་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཧི་གོ་ཆང་སེར་བ་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་མེན་རྫོང་གི་གནོད་ཐེབས་ས་ཁུལ་དུ་ཕེབས་ནས། ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་ཞིང་། གནོད་ཐེབས་མང་ཚོགས་དང་ཉེན་སེལ་རྒུད་སྐྱོབ་མི་སྣར་བསྐོར་བརྒྱབ་ནས་འཚམས་འདྲི་མཛད།

ཏེན་ཞི་ལ་འཕུར་བའི་གནམ་གྲུའི་སྟེང་དུ། ཧི་གོ་ཆང་གིས་ས་ཁྲར་ནན་གྱིས་གཟིགས་པ་དང་། འགྲོ་རོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ལ་གནོད་འཚེའི་གནས་ཚུལ་དང་ཉེན་སེལ་རྒུད་སྐྱོབ་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པ་མ་ཟད། གནོད་སེལ་རྒུད་སྐྱོབ་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་ཞིབ་འཇུག་གནང་།
གནམ་གྲུ་ལས་བབབས་མ་ཐག ཧི་གོ་ཆང་འཁོར་དང་བཅས་པ་ཆུ་ཚོད་གཉིས་ལྷག་གི་རིང་རླངས་འཁོར་ལ་བཞུགས་ཏེ་གནོད་འཚེ་ཆེས་ཚབས་ཆེ་བའི་མེན་རྫོང་དུ་ཕེབས། ཁྲ་པུའུ་གྲོང་བརྡལ་གུག་མིན་སྡེ་བ་རུ། ཧི་གོ་ཆང་གིས་གནོད་ཐེབས་མང་ཚོགས་ལ་ད་ཐེངས་མེན་རྫོང་ལ་གནོད་འཚེ་ཚབས་ཆེན་ཐེབས་ནས་ཡུལ་མི་ཚོས་དཀའ་སྡུག་མྱངས་སོང་བས། ང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བཅས་ཀྱི་མངགས་བཅོལ་ལྟར་ཁྱེར་ཚོར་བལྟ་རུ་ཡོང་བ་ཡིན། གནོད་འཚེ་ལ་སྙིང་རྗེ་མེད་རུང་མི་ལ་བརྩེ་བ་ཡོད་ཅིང་། དཀའ་ངལ་དང་ཉེན་ཁའི་མདུན་དུ་ད་གཟོད་སྙིང་རུས་བསྐྱེད་དགོས། ཏང་གི་མགོ་ཁྲིད་བརྟན་པོ་དང་། གནོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་སྡུག་རུས། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཆེན་པོ་བཅས་ལ་བརྟེན་ནས། ང་ཚོས་ཉེན་སེལ་རྒུད་སྐྱོབ་འཐབ་རྩོད་ཐད་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། མེན་རྫོང་སྔར་ལས་མཛེས་ཤིང་སྡུག་པར་འཛུགས་སྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

གནོད་ཐེབས་སྡེ་མི་ལིས་ཁྲིན་ཆིན་ཚང་ནས། ཧི་གོ་ཆང་གིས་གནོད་འཚེ་ལས་ཁྱེད་ཚང་ལ་གྱོང་གུད་དང་དཀའ་སྡུག་བཟོས་པ་མཐོང་བས་ངའི་སེམས་ཤིན་ཏུ་སྐྱོ། ཁྱེད་ཚོས་ལུས་ཕུང་ལ་བདག་སྐྱོང་དང་ཡིད་ཆེས་བཅངས་ཏེ་ཐོན་སྐྱེད་རང་སྐྱོབ་བྱས་ནས། མཛེས་སྡུག་གི་ཁྱིམ་གཞི་བསྐྱར་འཛུགས་བྱེད་དགོས་ཞེས་གསུངས། ཁོང་གིས་ད་དུང་ས་དེའི་ལས་བྱེད་པར་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་པའི་བྱ་བ་གཟབ་ནན་གྱིས་བཟང་བོར་སྒྲུབ་པ་དང་། མང་ཚོགས་ཀྱི་གནོད་འགོག་གནོད་སེལ་གྱི་སློབ་གསོར་ཤུགས་བསྣན་ཏེ། རང་སྐྱོབ་དང་གཞན་སྐྱོབ་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་པའི་མངགས་བཅོལ་གནང་། གནོད་ཐེབས་མང་ཚོགས་གནས་སྐབས་སུ་བཀོད་སྒྲིག་བྱེད་ས་ནས། ཧི་གོ་ཆང་གིས་ས་དེའི་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། གནོད་ཐེབས་མང་ཚོགས་ལ་ཟ་མ་དང་ལྭ། ཆུ་གཙང་མ། གནས་སྐབས་ཀྱི་འདུག་ས། སྨན་བཅོས་བྱེད་ས་བཅས་ཡོད་པར་ཁག་ཐེག་བྱེད་དགོས་ལ། སློབ་གྲྭ་དང་སྡོད་ཁང་བསྐྱར་འཛུགས་གཙོ་གནད་དུ་བཟུང་ཞིང་། སློབ་གྲྭས་མྱུར་དུ་སློབ་ཁྲིད་སླར་གསོ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། གནོད་ཐེབས་སྡོད་དམངས་དགུན་ཁའི་སྔོན་ལ་ཁང་བ་གསར་བའི་ནང་དུ་སྤོར་བར་ཁག་ཐེག་བྱེད་དགོས་པའི་ཐུགས་རེ་བཏོན།

ཧི་གོ་ཆང་གིས་ཆེད་དུ་རྒུད་སྐྱོབ་བྱ་བའི་ཁྲོད་ཞུགས་པའི་བཅིངས་འགྲོལ་དམག་དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ལས་བྱེད་པར་འཚམས་འདྲི་མཛད། ཁོང་གིས་གནོད་འཚེ་ཐེབས་སར་ཆེས་དཀའ་ངལ་ཆེ་བ་དང་མང་ཚོགས་ལ་ཆེས་དགོས་མཁོ་ཆེ་བའི་སྐབས་སུ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་གྲ་སྒྲིག་མི་སྣ། སྤྱི་བདེ་ལས་བྱེད་པ་བཅས་མྱུར་དུ་རྒུད་སྐྱོབ་ཁྲོད་ཞུགས་ཏེ། གནོད་ཁུལ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག དོན་དངོས་ལས་ཁྱེད་ཚོ་ནི་དངོས་ནས་མི་དམངས་ཀྱི་བུ་སྤུན་དམག་དང་། ཏང་དང་རྒྱལ་ཁབ་ཀྱི་ལྕགས་རི་ལྟ་བུ་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་གསུངས།

ཁྲ་པུའུ་གྲོང་བརྡལ་སྲིད་གཞུང་ནས། ཧི་གོ་ཆང་གིས་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་གསན། ཁོང་གིས་བསྟན་དོན། གནོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། གནོད་སེལ་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་རྨས་མ་རྣམས་ལ་མྱུར་དུ་སྨན་བཅོས་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་འོས་འཚམ་བྱེད་པ། འཕྲོད་བསྟེན་རིམས་འགོག་བྱ་བར་ཤུགས་སྣོན་པ། ཉེན་ཁར་ལྟ་ཞིབ་བཟང་བོ་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞི་བསྐྱར་འཛུགས་ལ་མྱུར་དུ་རྩ་འཛུགས་བྱེད་པ། གནོད་འགོག་གནོད་སེལ་གྱི་མ་ལག་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒུད་སྐྱོབ་དང་བསྐྱར་འཛུགས་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་གྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་སྟེ། གནོད་ཁུལ་མི་དམངས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་འཇུག་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་མྱང་དུ་འཇུག་དགོས་ཟེར།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་སྐབས་དང་པོའི་ལ་གཞས་འགྲན་སྡུར་གྲོས་ཚོགས་ཟླ7པར་བསྡུ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཧུའུ་པེ་ཞིང་ཆེན་དུ་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།