ཧུའུ་ཅིན་ཐའོ་ཡིས་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་གྲོས་མོལ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-05-11

ཧུའུ་ཅིན་ཐའོ་ཡིས་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་གྲོས་མོལ་མཛད།
 

ཧུའུ་ཅིན་ཐའོ་ཡིས་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་གྲོས་མོལ་མཛད།

  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས9ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁོ་ལོམ་པི་ཡའི་ཙུང་ཐུང་སང་ཐོ་སི་ལ་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་དེ་གཅིག་མཐུན་གྱི་དགོངས་ཚུལ་རྒྱ་ཆེར་བྱུང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས9ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁོ་ལོམ་པི་ཡའི་ཙུང་ཐུང་སང་ཐོ་སི་ལ་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་དེ་གཅིག་མཐུན་གྱི་དགོངས་ཚུལ་རྒྱ་ཆེར་བྱུང་།

  ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་གྱི་འབྲེལ་བར་གདེང་འཇོག་བཟང་བོ་བྱས་པ་དང་ཁོ་ལོམ་པོ་ཡ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་རྒྱུ་དེ་ཁོ་ལོམ་པི་ཡའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་བ་དེར་བསྟོད་བསྔགས་མཛད། ཧུའུ་ཅིན་ཐའོ་ཡིས་དོན་དངོས་ལས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་གི་ཀྲུང་གོ་དང་ཁོ་ལོམ་པི་ཡའི་མཛའ་མཐུན་འབྲེལ་བ་ལ་གསོན་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་པ་བདེན་དཔང་བྱས་ཡོད་ཟེར།

  སང་ཐོ་སི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཁོ་ལོམ་པི་ཡ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་བཞིན་ཡོད། ཁོ་ལོམ་པི་ཡས་ཧུར་ཐག་གིས་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་བཞིན་ཡོད་ལ། ཀྲུང་གོ་མཉམ་ལས་གྲོགས་པོ་རུ་བརྩིས་ཏེ་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་འདོད་ཡོད་ཟེར།

  ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་གྱི་འབྲེལ་བ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཁོ་ལོམ་པི་ཡ་དེ་ལ་ཏིང་མེ་གླིང་གི་གྲོགས་པོ་བཟང་བོར་བརྩི་བཞིན་ཡོད། ང་ཚོས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། གཅིག ཆབ་སྲིད་ཕྱོགས་ནས། འབྲེལ་འདྲིས་དམ་ཟབ་དང་ཕན་ཚུན་ཡིད་ཆེས། ཡུན་རིང་མཛའ་མཐུན་བཅས་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པ་དང་སྲིད་གཞུང་སྡེ་ཁག ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བཅས་ཀྱི་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་དགོས། ཕན་ཚུན་གྱི་དོ་ཁུར་བྱེད་བཞིན་པའི་གནད་དོན་ཆེན་པོའི་སྟེང་དུ་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས། གཉིས། དཔལ་འབྱོར་ཕྱོགས་ནས། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། གཉིས་ཁེ་གཉིས་ཕན་གྱིས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཧུར་ཐག་གིས་འབྱོར་ཚོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ལམ་བུ་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས་ཉོ་འཚོང་འཕར་བར་སྐུལ་འདེད་དང་ཕྱོགས་གཉིས་ལ་མ་དངུལ་གཏོང་བ། རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས། གཏེར་ལས། ཆུ་བེད། གློག་འཕྲིན། །ཞིང་ལས་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་བྱེད་སྒོའི་འགྲོ་འོང་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འབྱོར་ཚོང་དང་དཔལ་འབྱོར་ལག་རྩལ་མཉམ་ལས་ལ་དངུལ་རྩའི་དངུལ་བསྡུའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། གསུམ། མི་ཚུལ་གྱི་ཐད་ནས་ཁྱད་ཆོས་འབུར་ཐོན་དང་ནང་དོན་ཕུན་ཚོགས་སུ་གཏོང་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀས་རྣམ་པ་མང་པོ་བརྒྱུད་དེ་རིག་གནས་དང་སློབ་གསོ། རྒྱང་སྒྲོག་བརྙན་འཕྲིན། གནོད་འགོག་གནོད་སེལ་སོགས་ཐད་ཀྱི་མཉམ་ལས་དང་འབྲེལ་འདྲིས་རྒྱ་བསྐྱེད་དེ་ན་གཞོན་དང་དམངས་ཁྲོད། ས་གནས་བཅས་ཀྱི་མཛའ་བརྩེའི་འབྲེལ་བར་ཤུགས་སྣོན་པ་དང་། བརྗེ་རེས་བྱ་འགུལ་རབ་དང་རིམ་པ་ལེགས་པར་སྤེལ་ནས་ཕན་ཚུན་ལ་སློབ་སྦྱོང་བྱེད་དགོས། བཞི། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཕན་ཚུན་མཐུན་སྦྱོར་བྱས་ཏེ་མཉམ་དུ་འགྲན་རྩོད་བསུ་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་སྔར་ལས་བཟང་བོ་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་བསུ་མ་བྱས་ནས་ཀྲུང་གོ་དང་ལ་ཏིང་མི་གླེང་གི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་དགོས་ཟེར།

  སང་ཐའོ་སི་ཡིས་བསྟན་དོན། ཁོ་ལོམ་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་བར་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོ་སྐབས་བཟང་པོར་འཕྲད་ཡོད། ཁོ་ལོམ་པི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འཚམས་འདྲི་དང་རིམ་པ་སོ་སོའི་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཁོ་ལོམ་པི་ཡའི་རེ་བ་ནི་རྒྱལ་ཁབ་གཉིས་བར་དཔལ་འབྱོར་ཉོ་འཚོང་དང་དངུལ་གཏོང་། ཞིང་ལས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་ཡིན་ཞིང་། ཆ་རྐྱེན་བཟང་པོ་བསྐྲུན་ཏེ་ཀྲུང་གོའི་ཁེ་ལས་བཀུག་ནས་ཁོ་ལོམ་པི་ཡ་རུ་མ་དངུལ་གཏོང་བ་དང་།རྨང་གཞི་སྒྲིག་ཆས་དང་ནུས་ཁུངས། ཐོན་ཁུངས་སོགས་ཀྱི་ཐད་ནས་མཉམ་ལས་སྤེལ་རྒྱུ་ཡིན། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་རང་དབང་ཉོ་འཚོང་ཆོད་དོན་གྲོས་མོལ་ལ་རྣམ་འགྱུར་བཟང་པོ་བཟུང་ཡོད་ལ། རྒྱལ་ཁབ་གཉིས་ཀའི་མི་ཚུལ་འབྲེལ་འདྲིས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་སྐུལ་མ་གཏོང་བཞིན་ཡོད། མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བས། ཁོ་ལོམ་པི་ཡས་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱི་དང་ས་གནས་གནད་དོན་ཐད་ནས་མཐུན་སྦྱོར་དང་རམ་འདེགས་བྱས་ཏེ་འཛམ་གླིང་དཔལ་འབྱོར་ལེགས་བཅོས་དང་གནམ་གཤིས་འགྱུར་ལྡོག རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གནད་དོན་དང་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་དང་། ཐུན་མོང་གི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཁོ་ལོམ་པི་ཡས་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ནུས་བ་འདོན་འདོད་ཡོད་ཟེར།

  གྲོས་མོལ་མཛད་རྗེས། རྒྱབ་ཁབ་གཉིས་ཀའི་མགོ་ཁྲིད་ཀྲུང་གོ་དང་ཁོ་ལོམ་པི་ཡ་སྲིད་གཞུང་བར་དཔལ་འབྱོར་ལག་རྩལ་མཉམ་ལས་ཆོད་དོན་སོགས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  །


 

  • ལེ་ཚན་སྔོན་མ།:བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:2015ལོའི་བར་དུ་མཚོ་སྔོན་གྱིས་རིག་གནས་སྒྲིག་ཆས་སྡེ་བ་རེ་རེར་བསྐྱལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།