2015ལོའི་བར་དུ་མཚོ་སྔོན་གྱིས་རིག་གནས་སྒྲིག་ཆས་སྡེ་བ་རེ་རེར་བསྐྱལ་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2012-05-11

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་སྡེ་བ་རིམ་པའི་སྤྱི་བའི་རིག་གནས་མ་ལག་གི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཧུར་བརྩོན་གྱིས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རིག་གནས་དགོས་མཁོ་བསྐངས་ནས། རིག་གནས་ལས་དོན་སོ་སོར་གྲུབ་འབྲས་མངོན་གསལ་ཐོབ། མཚོ་སྔོན་ཞིང་ཆེན་གྱིས2015ལོའི་བར་དུ་སྡེ་བ་ཚང་མར་རིག་གནས་སྡེ་བའི་ཁྱིམ་ཚང་དུ་བསྐྱལ་བའི་འཛུགས་སྐྲུན་ལས་འགན་མངོན་འགྱུར་བྱེད་པ་བརྩོན་ལེན་བྱེད་རྒྱུ་རེད།

མིག་སྔར། མཚོ་སྔོན་གྱིས་སྔ་རྗེས་སུ་ཞིང་འབྲོག་ཁྱིམ་ཚང་དཔེ་ཁང3607འཛུགས་སྐྲུན་བྱས་ཤིང་བསྡོམས་པས་མ་དངུལ་སྒོར་ཁྲི7200ལྷག་བཏང་ཡོད། ཟི་ལིང་དང་མཚོ་ཤར་ས་ཁུལ་ལས་གཞན་པའི་ཁུལ་སོ་སོའི་སྡེ་བ་ཚང་མར་ཞིང་འབྲོག་ཁྱིམ་ཚང་དཔེ་ཁང་འཛུགས་སྐྲུན་བྱས་ཏེ་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། ད་ལོར། ཞིང་འབྲོག་ཁྱིམ་ཚང་དཔེ་ཁང་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་རེད། “རིག་གནས་སྡེ་བའི་ཁྱིམ་ཚང་དུ་བསྐྱལ་བའི་བཟོ་འགོད”ནི་རོང་འབྲོག་ཁུལ་གྱི་གཞི་རིམ་རིག་གནས་ཞབས་ཞུའི་སྟེགས་བུ་གལ་ཆེན་ཞིག་ཡིན། ད་ལོར་སྡེ་བ441དང་ལས་ཞོར་འཁྲབ་སྟོན་རུ་ཁག159ལ་ལས་གཞི་འདི་ལས་ཕན་ཁེ་ཐོབ་ཐུབ་པ་དང་། སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་དང་ལས་ཞོར་འཁྲབ་སྟོན་རུ་ཁག་ལ་རིན་ཐང་སྒོར་ཁྲི5ཡི་རིག་གནས་བྱ་འགུལ་སྒྲིག་ཆས་དང་འཁྲབ་སྟོན་རྒྱུ་ཆ་སྟེར་རྒྱུ་རེད། 2015ལོའི་བར་དུ་མཚོ་སྔོན་གྱིས་སྡེ་བ་རེ་རེར་རིག་གནས་སྒྲིག་ཆས་ཡོད་པ་དང་གཏན་འཇགས་ཀྱི་རིག་གནས་དཔུང་ཁག་ཡོད་པ། རྒྱུན་ལྡན་རང་བཞིན་གྱི་རིག་གནས་བྱ་འགུལ་དང་གཞི་རྩའི་ཞབས་ཞུ་ནང་དོན་ཡོད་པ་མངོན་འགྱུར་བྱས་ཏེ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་རང་ཡུལ་ནས་སྟབས་བདེའི་ངང་སྲིད་གཞུང་གིས་མཁོ་འདོན་བྱས་པའི་སྤྱི་བའི་རིག་གནས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ།

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་གྲོས་མོལ་མཛད།
  • ལེ་ཚན་རྗེས་མ།:༼གངས་རིའི་སྐར་རྒྱན༽ཞེས་པའི་གླུ་གཞས་ཆེད་སྒྲིག་ཚོང་རར་དགྲམ་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།