བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-05-11

ཟླ5བའི་ཚེས7ཉིན།  བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་སྡེ་བ་དྲུག་པའི་སྡེ་མིས་གཙང་ཕྱག་བྱེད་བཞིན་པ། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ན་ནིང་གི་ཟླ10བ་ནས་བཟུང་།  བོད་རང་སྐྱོང་ལྗོངས་ཀྱིས་ལས་བྱེད་ཚན་ཆུང་ཁྲི2ལྷག་ལས་གྲུབ་པའི་བྱ་བའི་རུ་ཁག5451མངགས་པ་དང་།  ལྗོངས་ཡོངས་ཀྱི་སྲིད་འཛིན་སྡེ་བ་དང་།  འདུས་སྡོད་ཨུ་ལྷན་སོགས་ལ་ཟབ་ཞུགས་བྱས་ཏེ།  རྨང་གཞི་བརྟན་པོ་བཙུགས་ཏེ་དམངས་ལ་ཕན་པའི་བྱ་འགུལ་སྤེལ།  བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཤན་རྩ་རྫོང་དང་ཉི་མ་རྫོང་ནི་བྱང་ཐང་རྩྭ་ཐང་དུ་ཆགས་ཡོད་པས།  ས་ཁོངས་རྒྱ་ཆེ་ཞིང་ས་བབ་མཐོ་བ།  འབྲོག་པ་མང་ཚོགས་རྣམས་ཁ་ཐོར་དུ་གནས་ཡོད་པའི་གནས་ཚུལ་ལ་དམིགས་ནས།  བོད་རང་སྐྱོང་ལྗོངས་སྡེ་བ་རུ་སྡོད་པའི་ལས་བྱེད་རུ་ཁག་གིས་ས་དེའི་གནས་བབ་དང་བསྟུན་ཇི་ཐུབ་བྱས་པ་དང་།  ཕྱུགས་ལས་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་རྩ་འཛུགས་བྱས་པ་བརྒྱུད།  བོད་ལྭ་ལས་སྣོན་བཟོ་གྲྭ་དང་།  རྩམ་པ་ལས་སྣོན་བཟོ་གྲྭ།  སྟབས་བདེ་ཚོང་ཁང་།  སྐྱེལ་འདྲེན་རུ་ཁག  རྩོལ་ལས་ཕྱི་གཏོང་སོགས་བསྒྲུབས་པས།  སྡེ་བའི་ཐུན་མོང་གི་དཔལ་འབྱོར་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ།  དུས་མཚུངས་སུ་འབྲོག་སྡེ་གསར་བ་རུ་བྱིས་གཉོར་ཁང་བཙུགས་པ་དང་།  འབྲོག་པ་མང་ཚོགས་རྣམས་སྣེ་ཁྲིད་དེ་དུས་ལྟར་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པ་སོགས་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ།  ། 

བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་པ།
ཟླ5བའི་ཚེས7ཉིན།  ཤན་རྩ་གྲོང་རྡལ་སྡེ་བ་དྲུག་པའི་བོད་ལྭ་ལས་སྣོན་བཟོ་གྲྭ་རུ་བོད་ལྭ་ལས་སྣོན་བྱེད་བཞིན་ཡོད།  བོད་རང་སྐྱོང་ལྗོངས་སྡེ་སྡོད་ལས་བྱེད་རུ་ཁག་གིས་མ་དངུལ་ཕྱོགས་ནས་རྒྱབ་སྐྱོར་བྱས་འོག  ལས་སྣོན་བཟོ་གྲྭ་འདི་དག་སྔར་ཡོད་ཀྱི་རྨང་གཞིའི་སྟེང་གཞི་རྒྱ་ཇེ་ཆེ་རུ་བཏང་ཞིང་།  ལོ་གཅིག་ནང་བོད་ལྭ་སྟོང་ལྷག་ཐོན་སྐྱེད་བྱེད་ཐུབ། 

བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་པ།
ཟླ5བའི་ཚེས8ཉིན།  ཉི་མ་རྫོང་ཧྲིན་ཡ་ཤང་གིས་འབྲོག་མི་བཟའ་ཟླ་གཉིས་ཀྱིས་ན་ནིང་ལས་པའི་ཁང་གསར་ནང་ཟ་མ་ཟ་བཞིན་ཡོད།

  • ལེ་ཚན་སྔོན་མ།:ཀན་སུའུ་ཏུན་ཧོང་གི་ཡུལ་སྤོ་གནས་མི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཡིས་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།