ཀན་སུའུ་ཏུན་ཧོང་གི་ཡུལ་སྤོ་གནས་མི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་།

(མིག་དམར་གྱིས་བསྒྱུར།)        2012-05-10

      ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་གྱི་ཆེས་བྱང་རྒྱུད་དུ་གནས་པའི་ཏིང་ཞི་གྲོང་གསེབ་ནི་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་གྱི་ཡུལ་སྤོ་གནས་སྤོའི་གྲོང་ཚོ་ཡིན་པ། ཐོག་མར་ཏུན་ཧོང་གི་ཡུལ་སྤོ་གནས་མི་རྣམས་ཕྱུག་པོར་འགྱུར་མ་ཐུབ་ལ། ཁོ་ཚོའི་འཚོ་གནས་བྱེད་ས་ནི་གྲམ་ཐང་རྐྱང་པ་ཡིན། ས་གནས་དེ་གའི་སྲིད་གཞུང་གིས་རོགས་རམ་འོག་ཡུལ་སྤོ་གནས་མི་རྣམས་ལ་ཅི་ཡང་མེད་རུང་རང་གི་ལག་ཟུང་ལ་བརྟེན་ནས་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཤིང་ལོ་ཉི་ཤུ་ལྷག་ལ་འབད་བརྩོན་བྱས་པ་བརྒྱུད་སྲིང་བལ་དང་རྒུན་འབྲུམ། ཁ་སུར་དམར་པོ། ཀྭ་དངར་མོ་སོགས་ཏུན་ཧོང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ལོ་ཏོག་རིམ་བཞིན་འདེབས་འཛུགས་བྱས་པས། ཞིང་པའི་ཆ་སྙོམས་མི་རེར་ལོ་རེའི་ཡོང་འབབ་ཁེ་གཙང་ནི་ཐོག་མའི་སྒོར430ནས2011ལོའི་སྒོར4677ལ་འཕར་སྣོན་བྱུང་།
      ད་ལྟར། ཏིང་ཞི་གྲོང་གསེབ་ཀྱི་དུད་ཚང་ཕལ་ཆེར་གྱིས་ཁང་པ་གསར་པ་བསྐྲུན་ཟིན་ལ། གྲོང་སྡེའི་སློབ་ཆུང་དང་ཞིང་སྡེའི་དཔེ་མཛོད་ཁང་བཅས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱས་སྟབས་གྲོང་མི་རྣམས་ལ་ཕན་པ་རྒྱ་ཆེར་ཐོབ། ཡུལ་སྤོ་གནས་མིའི་ཡོང་འབབ་མཐོ་འཕར་གྱི་ཨར་ལས་སྟེ་མུའུ་སྟོང་གི་ཤིང་ཏོག་དཔེ་སྟོན་ས་ཁུལ་དེ་འཛུགས་སྐྲུན་བྱེད་བཞིན་པ་རེད། ཉེ་ཆར། ཏིང་ཞི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཡང་ཞིག་ལོ་ལྔའི་འཕེལ་རྒྱས་གཏོང་བའི་འཆར་འགོད་བཀོད་པ་སྟེ་མི་རེས་ཆ་སྙོམས་ཁ་སུར་དམར་པོ་མུའུ1.5དང་རྒུན་འབྲུམ་མུའུ1འདེབས་འཛུགས་བྱས་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལ་བསླེབས་ཤིང་ཏིང་ཞི་གྲོང་ཚོ་དེ་གཞན་ཡུལ་དུ་ཕྱུག་འགྱུར་མགྱོ གས་པོ་ཡོང་ཐུབ་པ་བྱ་རྒྱུའི་འཆར་གཞི་བཞག་ཡོད།
  • ལེ་ཚན་སྔོན་མ།:སྒྲོན་སྒྲོན་མའི་གླུ་གཞས་གསར་བ༼སྒྲོན་སྒྲོན་མ༽ཞེས་པ་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།