བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-05-10
སྒྲོན་སྒྲོན་མའི་གླུ་གཞས་གསར་བ༼སྒྲོན་སྒྲོན་མ།༽
ཁུ་བྱུག་གྲེ་འགྱུར་གྱི་གསུང་སྙན་ཇི་བཞིན་ཀུན་གྱི་རྣ་བའི་གསོས་སུ་འགྱུར་བའི་སྒྲོན་སྒྲོན་མའི་གླུ་གཞས་གསར་བ་སྟེ༼སྒྲོན་སྒྲོན་མ༽ཞེས་པ་འགྲེམ་སྤེལ་བྱས།སྒྲོན་སྒྲོན་མ་ནི་དཀར་མཛེས་རྫ་ཆུ་ཁ་རྩྭ་ཐང་གི་བོད་ཀྱི་གསར་སྐྱེས་གླུ་མ་ཞིག་ཡིན་པ་དང་།ཁོ་མོར་ཀུན་གྱིས་ཉི་མའི་ཚོ་བའི་སྲས་མོ་ཞེས་པའི་མཚན་སྙན་བཟང་བོ་འབོན་གྱིན་ཡོད།སྒྲོན་སྒྲོན་མའི་དེ་སྔོན་གྱི་གླུ་གཞས༼ཆུང་འདྲིས༽ཞེས་པ་འགྲེམ་སྤེལ་བྱས་མ་ཐག་དྲ་རྒྱའི་སྟེང་ཆེས་དགའ་བསུ་ཐོབ་པའི་གླུ་གཞས་སུ་གྱུར་ལ།ནོར་འཛིན་སྒེག་མོའི་ཁྱོན་དུ་དཔྱིད་ཀའི་དྲི་གཞོན་དྲོན་མོ་དལ་གྱིས་ལྡང་བ་དང་བསྡོངས་ནས།ཁོ་མོས་ཡང་བསྐྱར༼སྒྲོན་སྒྲོན་མ༽ཞེས་པའི་གླུ་གཞས་གསར་བ་ཞིག་ཀུན་གྱི་སྙན་ལམ་དུ་ཕུལ་བར་དགའ་བསུ་ཆེན་པོ་ཐོབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10