རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-08-09
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་དང་དར་སྤེལ་ཆེན་མོར་སྐུལ་འདེད་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་འོག མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་གིས་མ་དངུལ་སྒོར་ཁྲི1876བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་རིག་གནས་ཐོན་ལས་ལ་རོགས་སྐྱོར་བྱས།
རྒྱུས་ལོན་པ་ལྟར་ན། རྫོང་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། རོང་འབྲོག་པ་མང་ཚོགས་ལ་སྔར་ལས་བཟང་བའི་རིག་གནས་ཞབས་ཞུ་མཁོ་འདོན་བྱེད་ཆེད། ད་ལོར་དཔའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི100བཏང་ནས་ཚེ་མགུར་དང་ཨར་ཐང་སོགས་ཤང་གྲོང་རིག་གནས་ས་ཚིགས10ལ་རིན་ཐང་སྒོར་ཁྲི10ཡི་རིག་གནས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་། མ་དངུལ་སྒོར་ཁྲི70བཏང་ནས་རྩ་པ་གྲོང་རྡལ་སྲིང་མདའ་དང་ཀྲ་སི་སྡེ་བ་གཉིས་ལ་རིག་གནས་ལུས་རྩལ་ཐང་ཆེན་རེ་བསྐྲུན་ལ། མ་དངུལ་སྒོར་ཁྲི60བཏང་ནས་མང་ཚོགས་ཁྱིམ་ཚང1200ལ་སྡེ་བ་རེར་འཐེན་པའི་བརྙན་འཕྲིན་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་རེ་བྱིན། ལོ་སྨད་ལ་དཔའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི1300བཏང་ནས་ཁྱིམ་ཚང25911ལ་འཁོར་སྐར་སྤྱི་བའི་ཞབས་ཞུ་ཁྱིམ་ཚང་རེར་འཐེན་པའི་བཟོ་འགོད་ཀྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱེད་རྒྱུ་ཡིན་ལ། མ་དངུལ་སྒོར་ཁྲི246བཏང་ནས་རྫོང་ཡོངས་ཀྱི་མངའ་ཁོངས་སུ་ཞིང་ཁྱིམ་དཔེ་ཁང82འཛུགས་སྐྲུན་བྱེད་རྒྱུ་རེད། གཞན་ཡང་རྫོང་ཡོངས་སུ་ཞིང་བའི་ལུས་ཕུང་བདེ་སྲུང་དང་རིག་གནས་སྡེ་བའི་ཁྱིམ་ཚང་རེར་བསྐྱོད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་ལ། ཚོད་དཔག་ལྟར་ན་མ་དངུལ་སྒོར་ཁྲི100གཏོང་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10