གྲངས་སྒྱུར་དཔེ་མཛོད་ཁང་ཁྱབ་གདལ་བཟོ་འགོད་ལག་བསྟར་བྱས་པས་བོད་ཀྱི་རིག་གནས་སྒྲོག་སྤེལ་ལ་སྐུལ་འདེད་བྱས།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-08-09

གྲངས་སྒྱུར་དཔེ་མཛོད་ཁང་ཁྱབ་གདལ་བཟོ་འགོད་ལག་བསྟར་བྱས་པས་བོད་ཀྱི་རིག་གནས་སྒྲོག་སྤེལ་ལ་སྐུལ་འདེད་བྱས།
གྲངས་སྒྱུར་དཔེ་མཛོད་ཁང་ཁྱབ་གདལ་བཟོ་འགོད་བོད་ལྗོངས་ས་ཁུལ་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚིགས་པ། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན།  གྲངས་སྒྱུར་དཔེ་མཛོད་ཁང་ཁྱབ་གདལ་བཟོ་འགོད་བོད་ལྗོངས་ས་ཁུལ་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་ས་གྲོང་ཁྱེར་ནས་སློབ་འགོ་ཚིགས་པ་དང་།  ཐེངས་འདིའི་གསོ་སྦྱོང་ནི་བོད་ལྗོངས་ས་ཁུལ་གྱི་གྲངས་སྒྱུར་དཔེ་མཛོད་ཁང་འཛུགས་སྐྲུན་གྱི་གནས་བབ་དང་འཕེལ་རྒྱས་དགོས་མཁོ་ལྟར་སྤེལ་བའི་ཆེད་ལས་རང་བཞིན་གྱི་གསོ་སྦྱོང་ཞིག་ཡིན།  གསོ་སྦྱོང་བྱས་པ་བརྒྱུད་གྲངས་སྒྱུར་དཔེ་མཛོད་ཁང་གི་སྔོན་ཐོན་གྱི་འཛུགས་སྐྲུན་འདུ་ཤེས་དང་།  དོ་དམ་བྱེད་ཐབས།  ཐབས་ཇུས་ལག་བསྟར་བྱེད་པ་སོགས་མཐོར་འདེགས་སུ་གཏོང་བ་བཅས་བོད་ལྗོངས་ས་ཁུལ་གྱི་གྲངས་སྒྱུར་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་རེད།  

2011ལོའི་ཟླ5བར།  རིག་གནས་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་གྲངས་སྒྱུར་དཔེ་མཛོད་ཁང་ཁྱབ་གདལ་བཟོ་འགོད་ལག་བསྟར་བྱས་པ་དང་།  རང་རྒྱལ་གྱི་གྲངས་སྒྱུར་དཔེ་མཛད་ཁང་འཛུགས་སྐྲུན་ཐད་སྔར་བྱུང་མ་མྱོང་བའི་བསྐལ་བཟང་ཞིག་ལ་འཕྲད་ཡོད་པས།  སྤྱི་ཚོགས་ཡོངས་ལ་ཁྱབ་པའི་གྲངས་སྒྱུར་དཔེ་མཛོད་ཁང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་དོན་ཐོག་ཏུ་འཁྱོལ།  ཁྱབ་གདལ་བཟོ་འགོད་ཀྱི་དམིགས་འབེན་གཙོ་བོ་ནི་རྒྱལ་ཁབ་གྲངས་སྒྱུར་དཔེ་མཛོད་ཁང་གི་བཟོ་འགོད་དང་། ས་གནས་སོ་སོའི་གྲངས་སྒྱུར་དཔེ་མཛོད་ཁང་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་།  དཔེ་མཛོད་ཁང་སོ་སོ་དང་ས་གནས་སོ་སོའི་འཛུགས་སྐྲུན་བྱས་པའི་གྲངས་སྒྱུར་དཔེ་མཛོད་ཁང་བར་མ་ལག་སྦྲེལ་མཐུད་བྱས་པ་བརྒྱུད།  རྒྱལ་ཁབ་གྲངས་སྒྱུར་དཔེ་མཛོད་ཁང་གཙོ་བྱས་ཏེ་ཞིང་ཆེན་དང་།  གྲོང་ཁྱེར།  རྫོང་རིམ་པའི་དཔེ་མཛོད་ཁང་སོ་སོ་གཞིར་བཟུང་ནས།  རྒྱལ་ཡོངས་ལ་ཁྱབ་པའི་གྲངས་སྒྱུར་དཔེ་མཛོད་ཁང་ཞབས་ཞུའི་མ་ལག་ཞིག་རིམ་གྱི་གྲུབ། 

 ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཁུངས་ཡིན་པའི་ཆ་ནས།  རྒྱལ་ཁབ་དཔེ་མཛོད་ཁང་གིས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་གྲངས་སྒྱུར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞལ་འདེབས་སུ་ཕུལ།  དེའི་ནང་གློག་རྡུལ་དཔེ་དེབ་རིགས5000དང་གློག་རྡུལ་དུས་དེབ་རིགས200།  བོད་སྐད་ཀྱི་བརྙན་ཟློས་དུས་ཚོད་སྐར་མ2500སོགས་འདུས་པ་མ་ཟད། ཆབ་སྲིད་དང་དཔལ་འབྱོར།  ཉོ་ཚོང་བཅས་ཆེད་ལས་རང་བཞིན་གྱི་གཞི་གྲངས་མཛོད་སོགས་ཀྱང་འདུས།  ། 

  • ལེ་ཚན་སྔོན་མ།:དཔའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི1876བཏང་ནས་རིག་གནས་ཐོན་ལས་ལ་རོགས་སྐྱོར་བྱས་པ།
  • ལེ་ཚན་རྗེས་མ།:སྒྲོན་སྒྲོན་མའི་བོད་སྐད་ཀྱི《རང་བྱུང་བརྩེ་གླུ》མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།