ལོ་སྟོད་ལ་མཚོ་སྔོན་གྱི་སློབ་གསོའི་འགྲོ་གྲོན50%འཕར་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2012-08-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ལོ་སྟོད་ལ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་བརླིང་ངང་འཕར་བ་དང་། ཟླ1པོ་ནས་ཟླ7པའི་བར་དུ་མཚོ་སྔོན་གྱི་སྤྱི་བའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར200.1ལ་སླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་བའི་ནོར་སྲིད་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར590.4ལ་སླེབས་པ། དམངས་འཚོ་དང་གཙོ་གནད་འགྲོ་གྲོན་གྱིས་བསྡུར་ཚད་གཙོ་བོ་ཟིན་ཡོད་ལ། དེའི་ནང་སློབ་གསོའི་འགྲོ་གྲོན་ན་ནིང་ལས50%འཕར་ཡོད།ཡོང་སྒོ་ཐད་ལ་གཞིགས་ན། ས་གནས་རིམ་པའི་ཡོང་སྒོ་དེ་ཀྲུང་དབྱང་རིམ་པའི་ཡོང་སྒོ་ལས་མགྱོགས་ལ། ཀྲུང་དབྱང་སྤྱི་བའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར83.9ལེགས་འགྲུབ་བྱས་པ་དང་ས་གནས་སྤྱི་བའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར116.2ལེགས་འགྲུབ་བྱས་པས། ས་གནས་རིམ་པའི་ཡོང་སྒོ་དེ་ཀྲུང་དབྱང་རིམ་པའི་ཡོང་སྒོ་ལས་བརྒྱ་ཆའི་ཆ10.2ཡི་མགྱོགས། གནས་ཐང་འཕར་བའི་ཁྲལ་དང་བདག་གཉེར་ཁྲལ། ཁེ་ལས་ཐོབ་ཁྲལ་དང་ཐོན་ཁུངས་ཁྲལ་བཅས་བསྡོམས་པས་སྒོར་དུང་ཕྱུར23.4ཇེ་མང་ལ་སོང་ཡོད། གཞན་ཡང་ཁྲལ་རིགས་མ་ཡིན་པའི་ཡོང་སྒོ་འཕར་ཚད་ཅུང་མགྱོགས། རིམ་པ་སོ་སོའི་ཁྲལ་བསྡུ་མ་ཡིན་པའི་སྡེ་ཁག་གིས་ཁྲལ་བསྡུའི་ཡོང་སྒོ་མ་ཡིན་པ་དག་སྔོན་རྩིས་ཁྲོད་ཀྱི་འབྲེལ་ཡོད་དོ་དམ་བྱེད་ཐབས་ལ་གཞིགས་ཏེ། དུས་ལྟར་བསྡུ་ལེན་བྱས་པས། སྲིད་འཛིན་རང་བཞིན་གྱི་ཡོང་སྒོ41.2%འཕར་ལ། ཁྲལ་རིགས་མ་ཡིན་པའི་ཡོང་སྒོ30.1%འཕར་བར་སྐུལ་ཁྲིད་བྱས་ཤིང་། དེ་སྤྱི་བའི་ནོར་སྲིད་ཡོང་སྒོ་འཕར་ཚད་ལས་བརྒྱ་ཆའི་ཆ10ཡི་མཐོ།འགྲོ་སོང་ལ་གཞིགས་ན། དམངས་འཚོ་དང་གཙོ་གནད་འགྲོ་སོང་གི་འཕར་ཚད་མུ་མཐུད་དུ་ཇེ་མགྱོགས་སུ་ཕྱིན་ཡོད། དེའི་ནང་སློབ་གསོ་དང་ཞིང་ནགས་ཆུ་བེད། འབྲུ་སྣུམ་དངོས་ཟོག་གསོག་ཉར་ལས་དོན་གྱི་འགྲོ་སོང་སོ་སོར50.3%དང39.5%། 36.7%བཅས་འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངསདང་གནམ་གཤིས་འགྲོ་སོང་སོ་སོར47.6%དང50.1%འཕར། ། 

  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་ཤུགས་ཆེན་པོས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ།
  • ལེ་ཚན་རྗེས་མ།:དཔའ་ལུང་རྫོང་གིས་མ་དངུལ་སྒོར་ཁྲི1876བཏང་ནས་རིག་གནས་ཐོན་ལས་ལ་རོགས་སྐྱོར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།