བསང་ཆུ་རྫོང་གི་ཨ་མདོ་སྐྱེ་ཁམས་གནས་སྐོར་ཕྱུགས་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀན་སུའུ་གསར་འགྱུར་དྲ་བ།    2012-05-09

བསང་ཆུ་རྫོང་གི་ཨ་མདོ་སྐྱེ་ཁམས་གནས་སྐོར་ཕྱུགས་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་འགོ་བརྩམས་པ།
འཛུགས་སྐྲུན་རྣམ་གྲངས་ལས་འགོ་བརྩམས་པའི་མཛད་སྒོ་སྤེལ་བཞིན་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན་གྱི་སྔ་དྲོར།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཨ་མདོ་གནས་སྐོར་ཕྱུགས་ལས་ཐོན་ལས་ར་བའི་སྐབས་དང་པོའི་བཟོ་འགོད་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་མཛད་སྒོ་ཀན་ལྷོ་ཁུལ་བསང་ཆུ་རྫོང་ནས་བསྡུས། 

རྒྱུས་ལོན་པ་ལྟར་ན།  བསང་ཆུ་རྫོང་གི་ཨ་མདོ་གནས་སྐོར་ཕྱུགས་ལས་ཐོན་ལས་ར་བའི་འཛུགས་སྐྲུན་རྣམ་གྲངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་ཀན་སུའུ་ཞིང་ཆེན་མངའ་ཁོངས་སུ་འཁོར་རྒྱུག་དཔལ་འབྱོར་གཙོ་གནད་རྣམ་གྲངས72ནང་གི་གཅིག་ཡིན་པ་དང་།  འཆར་འགོད་ལྟར་ན་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5ཡོད་པ་དང་།  འཛུགས་སྐྲུན་རྣམ་གྲངས་ཀྱི་རྒྱ་ཁྱོན་ས་མུའུ2000ཟིན།  “ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་འཆར་འགོད་ལྟར་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར6ལྷག་བཏང་སྟེ།  སྐྱེ་ཁམས་ཕྱུགས་ལས་ཐོན་ལས་དྲ་རྒྱ་དང་།  དྲོད་ཁང་གསོ་སྤེལ་རྟེན་གཞི། གནས་སྐོར་སྣེ་ལེན་ཞབས་ཞུ་སོགས་གཞི་གཅིག་ཏུ་བསྡུས་ནས།  གཙོ་བོ་ཏུན་ཁྲི་ལྷག་རིམ་པའི་འབྲི་གཡག་དང་ལུག་ཤའི་ལས་སྣོན་རྟེན་གཞི་དང་།  ནོར་ལུག་ཁྲག་རིགས་ལས་སྣོན་རྟེན་གཞི།  དྲོད་ཁང་གསོ་སྤེལ་རྟེན་གཞི།  གནས་སྐོར་ལག་ཤེས་ཐོན་ལས་ལས་སྣོན་རྟེན་གཞི།  གནས་སྐོར་སྣེ་ལེན་ལྟེ་གནས་སོགས་རྣམ་གྲངས་སྤེལ་རྒྱུ་ཡིན་ལ། ར་བའི་འཆར་གཞིའི་འཛུགས་སྐྲུན་རྣམ་གྲངས་བསྡོམས་པས25ཡོད་པ་དང་།  སྤྱིའི་མ་དངུལ་སྒོར་དུང་ཕྱུར45ཟིན།  །  

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་པའི་བྱིས་པར་ལོ2ནང་སྨན་ཡོན་མི་དགོས་པར་སྨན་བཅོས་བྱ་རྒྱ
  • ལེ་ཚན་རྗེས་མ།:ཁྲི་ཀ་རྫོང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལས་གྲྭའི་ཚོད་ལྟ་རྫོང་དུ་བདེ་བླག་ངང་རེ་ཞུ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།