བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-05-10
ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལས་གྲྭའི་ཚོད་ལྟ་རྫོང་འདེམ་ཐེངས་དང་པོའི་ཁྲོད་བཞག་པ་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ལས་གྲྭའི་ཚོད་ལྟ་རྫོང་དུ་བདེ་བླག་ངང་རེ་ཞུ་བྱེད་ཐུབ་པ་དེས་ཁྲི་ཀའི་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མགྱོགས་མྱུར་སྒོས་གོང་དུ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ། གནས་སྐོར་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་སུ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་པ་རེད།
2011ལོའི་ཟླ9བར་ཁྲི་ཀ་རྫོང་གིས་ཆེད་དོན་ཚོགས་འདུ་བསྡུས་ནས་རེ་ཞུ་བྱེད་པའི་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་ལེགས་པོ་བྱས་པ་སྟེ། རྩྭ་ཐང་སྲུང་སྐྱོབ་འཛུགས་སྐྲུན་དང་། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན། སྐྱེ་ཁམས་ཞིང་ལས་འཛུགས་སྐྲུན། ཞང་སྡེ་གནས་སྐོར་དཔེ་སྟོན་རྫོང་འཛུགས་སྐྲུན། ནགས་ལས་སྲུང་སྐྱོབ་འཛུགས་སྐྲུན། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ས་ཆུ་སྲུང་འཛིན། སྐྱེ་ཁམས་རིག་གནས་འཛུགས་སྐྲུན། དེ་མིན་སྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལས་གཞི་བསྡོམས་པས161སྒྲིག་བཟོ་དང་རེ་ཞུ་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར64.6བཏང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10