རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2012ལོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཙུན་མའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་གཉེར་བ

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2012-05-02

 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི2012ལོའི་བོད་བརྒྱུད་ནང་བསྟན་ཆོགས་ལུགས་ཀྱི་བཙུན་མའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཚེས27ཉིན་པེ་ཅིན་དུ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་སློབ་མ55རྣམས་ཡུན་ནན་དང་། ཀན་སུའུ། མཚོ་སྔོན་བཅས་བོད་རིགས་ས་ཁུལ་ནས་ཡིན་པ་དང་། ཕལ་ཆེ་བ་དགོན་པའི་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་ཡིན་པ་རེད།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་ཡིན་པའི་ཁྲེན་ཤིའུ་རུང་གིས་གསོ་སྦྱོང་འཛིན་གྲྭའི་སློབ་མར་མཇལ་འཕྲད་གནང་སྐབས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་བཙུན་མ་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱུན་འཛིན་ཐད་ནུས་པ་ཆེན་པོ་བཏོན་ཡོད་ལ་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་པ་རེད།

ཁྲེན་ཤིའུ་རུང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དེ་ཏང་གིས་བུད་མེད་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་དང་བུད་མེད་མང་ཚོགས་ཚོའི“ཁྱིམ”ཞིག་ཡིན་པའི་ངོས་ནས་བཙུན་མ་ཚོའི་འཚོ་བ་དང་ཐོས་བསམ་ལ་སེམས་ཁུར་བྱ་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད།རེ་བར་སློབ་མ་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་སྔར་བས་མཐོང་རྒྱ་ཆེ་རུ་དང་བསམ་ཕྱོགས་རྒྱ་ཆེར་བཏང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱུན་འཛིན་དང་།ཞིབ་འཇུགདར་སྤེལ་བཅས་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་བཙུན་མ་བཟང་པོ་ཞིག་དང་།བཅའ་ཁྲིམས་སློབ་སྦྱོང་དང་སྲུང་སྐྱོང་བྱེད་མཁན་སྤྱི་དམངས་ཡག་པོ་ཞིགརྒྱལ་སྐྱོང་འགྲོ་ཕན་གྱི་ཆོས་ལུགས་མི་སྣ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་རྒྱབ་སྐྱོར་དང་མཛུབ་ཁྲིད་ཆེན་པོ་གནང་ཡོད། 2012ལོའི་གསོ་སྦྱོང་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཙུན་མའི་དགོན་པ184ལ་ཁྱབ་རྒྱུ་དང་གསོ་སྦྱོང་དེ་ཁག་གསུམ་ལ་བགོས་པ་དང་དུས་ཐེངས་དང་པོའི་གསོ་སྦྱོང་ནང་དོན་ཁྲོད་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཐད་ཀྱི་འཆད་ཁྲིད་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལྟ་སྐོར་བྱེད་པ་སོགས་ཚུད་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ56ཇེ་ཆེར་སོང་བ།
  • ལེ་ཚན་རྗེས་མ།:སྲོང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་མཇུག་སྒྲིལ་གྱི་དགོང་ཚོགས་པེ་ཅིན་ནས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།