སྲོང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་མཇུག་སྒྲིལ་གྱི་དགོང་ཚོགས་པེ་ཅིན་ནས་འཚོགས།

        2012-05-04

འདི་ག་དྲ་བའི་གནས་འཕྲིན། ༢༠༡༢ལོའི་ཟླ་༤བའི་ཚེས་༢༩ཉིན་གྱི་དགོང་མོར་སྐབས་ཉི་ཤུ་བའི་སྲོང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་མཇུག་སྒྲིལ་གྱི་དགོང་ཚོགས་པེ་ཅིན་ནས་འཚོགས་ཤིང་། ཐེངས་འདིའི་འགྲན་བསྡུར་ཁྲོད་པེ་ཅིན་བཟོ་ཚན་སློབ་ཆེན་གྱི་སྤོ་ལོ་རུ་ཁག་ལ་བྱ་དགའ་ཨང་དང་པོ་དང་། མི་རིགས་ཡིག་སྒྱུར་ཁང་གི་སྤོ་ལོ་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤོ་ལོ་རུ་ཁག་ལ་ཕུལ་བྱུང་དཔལ་ཡོན་གྱི་བྱ་དགའ་གནང་བ་རེད།
དགོང་ཚོགས་སྟེང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་། པེ་ཅིན་བོད་སྨན་ཁང་། མི་རིགས་ཡིག་སྒྱུར་ཁང་སོགས་པེ་ཅིན་གྱི་བོད་འབྲེལ་ལས་ཁུངས་ཁག་གི་མི་སྣ་དང་སློབ་གྲྭ་ཆེན་མོ་བ་སོགས་མི་བརྒྱ་ལྷག་ཞུགས་ཡོད།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2012ལོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཙུན་མའི་གསོ་སྦྱོང
  • ལེ་ཚན་རྗེས་མ།:༼མངའ་རིས་ཀྱི་ཚགས་པར་༽ཞེས་པའི་བོད་ཡིག་གི་པར་གཞི་དངོས་སུ་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།